11302

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱེས་བུ་ཆེན་པོའི་སྟབས་ལྔ་བཅུ་རྩ་གཅིག
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་བཅོམ་ལྡན་འདས་ཆུ་ཀླུང་ནེ་རཉྫ་ནར་ཁྲུས་བྱས་ཏེ་ཟས་ཟོས་ནས་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ། བདུད་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་རྣམ་པ་བཅུ་དྲུག་དང་ལྡན་པའི་ས་ཕྱོགས་ཤིང་གི་རྒྱལ་པོ་བྱང་ཆུབ་ཆེན་པོའི་དྲུང་ག་ལ་བར་དེར་སྐྱེས་བུ་ཆེན་པོའི་སྟབས་གང་ཡིན་པའི་སྟབས་དེས་སོང་བའི་སྟབས་ཏེ།

1.མི་བསྐྱོད་པའི་སྟབས། 2.དབང་པོའི་མཆོད་སྡོང་ལྟ་བུའི་སྟབས། 3.རིའི་རྒྱལ་པོ་ལྷུན་པོ་ལྟར་ཤིན་ཏུ་བརྟན་པའི་སྟབས། 4.མི་དངོམ་པ་མ་ཡིན་པའི་སྟབས། 5.ཡ་ཡོ་མེད་པའི་སྟབས། 6.འཚེ་བ་མེད་པའི་སྟབས། 7.རིངས་པ་མ་ཡིན་པའི་སྟབས། 8.སྡོད་པ་མེད་པའི་སྟབས། 9.འཁྲུགས་པ་མེད་པའི་སྟབས། 10.འཁྱོར་བ་མེད་པའི་སྟབས། 11.འདྲུད་པ་མེད་པའི་སྟབས། 12.ཞུམ་པ་མེད་པའི་སྟབས། 13.ཧ་ཅང་མི་སྡོད་པའི་སྟབས། 14.མི་གཡོས་པའི་སྟབས། 15.རྟབ་རྟབ་པོ་མེད་པའི་སྟབས། 16.ཚུལ་དུ་ཤིས་པའི་སྟབས། 17.དྲི་མ་མེད་པའི་སྟབས། 18.དག་པའི་སྟབས། 19.ཞེ་སྡང་མེད་པའི་སྟབས། 20.གཏི་མུག་མེད་པའི་སྟབས། 21.ཆགས་པ་མེད་པའི་སྟབས། 22.སེང་གེའི་སྟབས། 23.ངང་པའི་རྒྱལ་པོའི་སྟབས། 24.ཀླུའི་རྒྱལ་པོའི་སྟབས། 25.སྲེད་མེད་ཀྱི་བུའི་སྟབས། 26.ས་ལ་མི་རེག་པའི་སྟབས། 27.རྩིབས་སྟོང་དང་ལྡན་པའི་འཁོར་ལོའི་རི་མོ་ས་ལ་སྣང་བའི་སྟབས། 28.སོར་མོ་དྲ་བས་འབྲེལ་ཅིང་སེན་མོ་ཟངས་ལྟ་བུའི་སྟབས། 29.སོ་སྒྲ་འབྱིན་པའི་སྟབས། 30.རི་རྡོབ་པའི་སྟབས། 31.མཐོ་དམན་མཉམ་པར་བྱེད་པའི་རྐང་མཐིལ་གྱི་སྟབས། 32.དྲ་བའི་བར་ནས་འོད་ཟེར་ཕྱུང་ནས་སེམས་ཅན་ལ་རེག་ན་བདེ་འགྲོར་འགྲོ་བའི་སྟབས། 33.པདྨ་དྲི་མ་མེད་པ་ལ་གོམ་པ་འདོར་བའི་སྟབས། 34.སྔོན་དག་པ་ལེགས་པར་སྤྱད་པའི་འགྲོས་ཀྱི་སྟབས། 35.སྔོན་གྱི་སངས་རྒྱས་སེངྒེའི་ཁྲི་ལ་བཞུད་པའི་སྟབས། 36.རྡོ་རྗེ་ལྟར་བསམ་པ་བརྟན་ཞིང་མི་ཕྱེད་པའི་སྟབས། 37.ངན་སོང་ངན་འགྲོ་ཐམས་ཅད་གཅོད་པའི་སྟབས། 38.བདེ་བ་ཐམས་ཅད་བསྐྱེད་པའི་སྟབས། 39.ཐར་པའི་ལམ་སྟོན་པའི་སྟབས། 40.བདུད་ཀྱི་སྟོབས་སྟོབས་མེད་པར་བྱེད་པའི་སྟབས། 41.ངན་པའི་ཚོགས་ཅན་གྱི་ཚོགས་ཕས་ཀྱི་རྒོལ་བ་ཆོས་དང་མཐུན་པས་ཚར་གཅོད་པའི་སྟབས། 42.མུན་པའི་ལིང་ཏོག་དང་ཉོན་མོངས་པ་སེལ་བའི་སྟབས། 43.འཁོར་བའི་ཕྱོགས་ཕྱོགས་སྨད་པར་བྱེད་པའི་སྟབས། 44.བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་རྣམས་ཟིལ་གྱིས་གནོན་པའི་སྟབས། 45.སྟོང་གསུམ་གྱི་སྟོང་ཆེན་པོ་ན་དཔའ་བོ་གཅིག་པུའི་སྟབས། 46.རང་བྱུང་ཟིལ་གྱིས་ནོན་པའི་སྟབས། 47.ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྟབས། 48.དྲན་པ་དང་བློ་གྲོས་ཀྱི་སྟབས། 49.བདེ་འགྲོར་འགྲོ་བའི་སྟབས། 50.རྒ་བ་དང་འཆི་བ་རབཏུ་ཞི་བར་བྱེད་པའི་སྟབས། 51.ཞི་བ་རྡུལ་མེད་པ། བདུད་ཀྱི་འཇིགས་པ་མེད་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་སྟབས་ཏེ། དེ་འདྲ་བའི་སྟབས་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་ཆས་སོ། །

Tibetan Source 《མདོ་ཁ་པ་》ཤ་220ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number