11311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཉི་ཤུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་རྣམ་པར་སྤོང་བ་དེ་དག་ལས་བྱུང་བ་སྟེ།

1.བྱམས་པ་ཆེན་པོ། 2.སྙིང་རྗེ་ཆེན་པོ། 3.འཁོར་བ་ན་ཡོངས་སུ་མི་སྐྱོ་བ། 4.དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། 5.སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ། 6.ཕ་རོལ་ཏུ་ཕྱིན་པ་རྣམས་ཉན་པ། 7.བྱང་ཆུབ་སེམས་དཔའི་འཁོར་དང་སྐལ་བ་མཉམ་པ། 8.གཟུངས་རབ་ཏུ་ཐོབ་པ། 9.སྤོབས་པ་ཕུན་སུམ་ཚོགས་པ། 10.མངོན་པར་ཤེས་པ་ཤེས་པ། 11.ཆོས་མ་ཐོས་པ་ཉན་པ། 12.ཚེ་རབས་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བ། འགྱུར་བ། 13.རྟག་ཏུ་རྒྱུན་མི་ཆད་པར་རབ་ཏུ་འབྱུང་བ་རྙེད་པ། 14.དལ་བ་ཕུན་སུམ་ཚོགས་པ། 15.ཇི་ལྟར་ཐོས་པའི་ཆོས་རྣམས་སྒྲུབ་པ། 16.ཐབས་དང་ཤེས་རབ་ཀྱི་ཤེས་པས་སེམས་ཅན་སྡུད་ཅིང་ཡོངས་སུ་འཛིན་པ། 17.དམ་པའི་ཆོས་ཡོངས་སུ་འཛིན་པ། 18.གཡོ་མེད་ཅིང་སྒྱུ་མེད་པ། 19.ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ། 20.སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་མེད་པ་བཅས་སོ། །

Tibetan Source 《མདོ་ཁ་པ་》ཤ་407པ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number