11333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས།
Tibetan Alternate
Tibetan Definition ཁག་གཉིས་པ།

རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་ཕྱི་རོལ་པའི་ལྟ་བ་སྟེ། དང་པོ། 1.རྟག་པར་སྨྲ་བ་རྣམས་ཀྱི་བཞི། 2.ཁ་ཅིག་རྟག་པར་འཛིན་པ་རྣམས་ཀྱི་བཞི། 3.རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་གཉིས། 4.མཐའ་དང་མཐའ་མེད་པར་འདུ་ཤེས་པ་རྣམས་ཀྱི་བཞི། 5.རྣམ་པར་མི་གཡེང་བའི་ལྷ་རྣམས་ཀྱི་བཞི་བཅས་ལྟ་བར་གྱུར་པ་བཅོ་བརྒྱད་པོ་འདི་དག་ནི་སྔོན་གྱི་མཐའ་ལ་རྟོག་པའི་བདག་ཏུ་སྨྲ་བ་རྣམས་ཀྱིས་འདོད་པའོ། ། གཉིས་པ། 1.དེ་ལ་སྲེད་པའི་ལྟ་བ་ཅན་འདུ་ཤེས་ཡོད་པར་སྨྲ་བ་རྣམས་ཀྱི་བཅུ་དྲུག 2.འདུ་ཤེས་མེད་པར་སྨྲ་བ་རྣམས་ཀྱི་བརྒྱུད། 3.འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་རྣམས་ཀྱི་བརྒྱུད། 4.ཚད་པར་སྨྲ་བ་རྣམས་ཀྱི་བདུན། 5.ཚེ་འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་རྣམས་ཀྱི་ལྔ་བཅས་ལྟ་བར་གྱུར་པ་བཞི་བཅུ་རྩ་བཞི་པོ་འདི་དག་ནི་ཕྱི་མའི་མཐའ་ལ་རྟོག་པའི་བདག་ཏུ་སྨྲ་བ་རྣམས་ཀྱི་འདོད་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་156ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number