11342

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྒྱུ་རྩལ་དྲུག་ཅུ་རྩ་བཞི།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.བཟོ་ལ་གཏོགས་པ་སུམ་ཅུ་ནི། (1)ཡི་གེ། (2)ལག་རྩིས། (3)གྲངས། (4)རྩིས་ཆེན། (5)ཐོར་ཚུགས། (6)གོམ་སྟབས། (7)ལྕགས་ཀྱིས་བསྒྱུར་ཐབས། (8)རལ་གྲིའི་ཐབས། (9)ཞགས་པ་གདབ་པ། (10)མདའ་བོ་ཆེ་འཕེན་པ། (11)མདུན་དུ་བསྣུར་བ། (12)ཕྱིར་བསྣུར་བ། (13)བཅད་པ། (14)དྲལ་བ། (15)དབུག་པོ། (16)རྒྱང་ནས་འཕོག་པ། (17)སྒྲ་གྲགས་པར་འཕོག་པ། (18)གནད་དུ་འཕོག་པ། (19)མི་ཚོར་བར་འཕོག་པ། (20)ཚབས་ཆེ་བར་འཕོག་པ། (21)མཆོངས་པ། (22)གྱུད་ཀྱི་འཛིན་སྟངས། (23)བོང་། (24)རྐྱལ། (25)བརྒལ་བ། (26)གླང་པོ་ཆེའི་གཉར་ཞོན་པ། (27)རྟ་ལ་ཞོན་པ། (28)ཤིང་རྟའི་ཐབས། (29)མདའ་གཞུ། (30)གྱུད་སྟོབས་སོ། 2.རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། (1)གར་མཁན། (2)བྲོ། (3)རྔ་བོ་ཆེ། (4)རྫ་རྔ། (5)རྔ་ཕྲན། (6)ཇ་ཆེན་པོ། (7)འཁར་རྔ། (8)པི་ཝང་རྒྱུད་གཅིག་པ། (9)རྫ་རྔ་ཁ་གཅིག་པ། (10)ལྕགས་ཀྱི་སིལ་ཁྲོལ། (11)འཁར་བའི་སིལ་ཁྲོལ། (12)པི་ཝང་རྒྱུད་གསུམ་པ། (13)ཇ་མུ་ཀུནྡ། (14)སིལ་སྙན་གླུ་དབྱངས་དང་བསྟུན་པ། (15)ཕེབ་རྡོབ། (16)རོལ་མོའི་སྒྲ། (17)པི་ཝང་། (18)གླིང་བུའོ། ། 3.གླུ་དབྱངས་ཀྱི་ངེས་པ་བདུན་ནི། (1)བར་མ། (2)དྲང་སོང་། (3)ས་འཛིན། (4)དྲུག་ལྡན། (5)ལྔ་པ། (6)བློ་གསལ། (7)འཁོར་ཉན་ནོ། ། 4.གར་གྱི་ཉམས་དགུ་ནི། (1)སྒེག་པ། (2)དཔའ་བ། (3)མི་སྡུག་པ (4)དྲག་ཤུལ། (5)བཞད་གད། (6)འཇིགས་རུང་། (7)སྙིང་རྗེ། (8)རྐུམས་པ། (9)ཞི་བ་བཅས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་བར་ཆ་ཤ་301.19ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number