11343

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྒྱུ་རྩལ་དྲུག་ཅུ་རྩ་བཞི།
Tibetan Alternate
Tibetan Definition ཁག་གཉིས་པ། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་བཟོ་རིག་པ་ལས་བྱུང་བ་སྟེ།

1.བཟློར་གཏོགས་པ་སུམ་ཅུ་ནི། (1)ཡི་གེ (2)ལག་རྩིས། (3)གྲངས་ཅན། (4)རྩིས། (5)འཛིན་སྟངས། (6)ཐོར་ཚུགས། (7)གོམ་སྟབས། (8)ལྕགས་དཀྱུས་བསྒྱུར་ཐབས། (9)རལ་གྲིའི་ཐབས། (10)ཞགས་པ་གདབ་པ། (11)མདའ་བོ་ཆེ་འཕེན་པ། (12)འཕོང་གི་སློབ་དཔོན། (13)མདུན་དུ་བསྣུར་བ། (14)ཕྱིར་བསྣུར་བ། (15)བཅད་པ། (16)འདྲལ་བ། (17)དབྱུག་པ། (18)རྒྱང་ནས་འཕོག་པ། (19)སྒྲ་གྲགས་པར་འཕོག་པ། (20)གནད་དུ་འཕོག་པ། (21)མི་འཆོར་བར་འཕོག་པ། (22)ཆེ་བར་འཕོག་པ་སྟེ་མདའི་གནས་ལྔ། (23)མཆོངས་པ། (24)གྱད་ཀྱི་འཛིན་སྟངས། (25)བང་། (26)རྐྱལ། (27)རྒལ་བ། (28)གླང་པོ་ཆེའི་གཉར་ཞོན་པ། (29)རྟ་ལ་ཞོན་པ་ཤིང་རྟའི་ཐབས། (30)མདའ་གཞུ་འགྱེད་སྟབས་སོ། ། 2.རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། (1)གར་མཁན་ནམ་བྲོ་མཁན། (2)གར་རམ་བྲོ། (3)རྔ་བོ་ཆེ། (4)རྫ་རྔ། (5)རྔ། (6)རྫ་རྔ་ཆེན་པོ། (7)མཁར་རྔ། (8)པི་ཝང་རྒྱུད་གཅིག་པ། (9)རྫ་རྔ་ཁ་གཅིག་པ། (10)ལྕགས་ཀྱི་སིལ་ཁྲོལ། (11)འཁར་དཀྲོལ། (12)པི་ཝང་རྒྱུད་གསུམ་པ། (13)ཇ་མུ་ཀུན་ད། (14)སིལ་སྙན། (15)གླུ་དབྱངས། (16)ཕེག་རྡོབ་པ། (17)རོལ་མོའི་སྒྲ། (18)པི་ཝང་གླིང་བུའོ། ། 3.གླུ་དབྱངས་ཀྱི་ངེས་པ་བདུན་ནི། (1)གླང་པོའི་སྒྲ་ལྟ་བུ། (2)ཁྱུ་མཆོག་བ་གླང་ལྟ་བུ། (3)ར་སྐྱིད་ལྟ་བུ། (4)ཟླ་བ་སྒྲ་གཅན་ལྟ་བུ། (5)ཁྲུང་ཁྲུང་སྒྲོག་པ་ལྟ་བུ། (6)རྟ་སྐད་ལྟ་བུ། (7)མེ་ཏོག་དུས་ཀྱི་རྨ་བྱ་སྒྲོག་པ་ལྟ་བུའོ། ། 4.གར་གྱི་ཉམས་དགུ་ནི། (1)སྒེག་པ། (2)དཔའ་བ། (3)མི་སྡུག་པ། (4)དྲག་ཤུལ་ཅན། (5)བཞད་གད། (6)འཇིགས་སུ་རུང་བ། (7)སྙིང་རྗེ། (8)རྔམ་པ། (9)ཞི་བ་བཅས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཛ་པ་》ཤ་505.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number