11346

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དེ་བཞིན་གཤེགས་པའི་གསུང་རྣམ་པ་དྲུག་ཅུ་རྩ་བཞི།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་གསུང་གི་གསང་བའི་ལེའུ་ལས་བྱུང་བ་སྟེ།

1.མཉེན་པའི་གསུང་འབྱུང་བ། 2.འཇམ་པ། 3.ཡིད་དུ་འོང་བ། 4.ཡིད་དུ་འཐད་པ། 5.དག་པ། 6.དྲི་མ་མེད་པ། 7.འོད་གསལ་བ། 8.སྙན་ཅིང་འཇེབས་པ། 9.མཉན་པར་འོས་པ། 10.མི་ཚུགས་པ། 11.སྙན་པ། 12.དུལ་བ། 13.མི་རྩུབ་པ། 14.མི་བརླང་བ། 15.རབ་ཏུ་དུལ་བ། 16.རྣར་སྙན་པ། 17.ལུས་སིམ་པར་བྱེད་པ། 18.སེམས་ཚིམ་པར་བྱེད་པ། 19.སྙིང་དགའ་བར་བྱེད་པ། 20.དགའ་བདེ་བསྐྱེད་པ། 21.ཡོངས་སུ་གདུང་བ་མེད་པ། 22.ཀུན་ཏུ་ཤེས་པར་བྱ་བ། 23.རྣམ་པར་རིག་པར་བྱ་བ། 24.རྣམ་པར་གསལ་བར་བྱ་བ། 25.དགའ་བར་བྱེད་པ། 26.མངོན་པར་དགའ་བར་བྱེད་པ། 27.ཀུན་ཤེས་པར་བྱེད་པ། 28.རྣམ་པར་རིག་པར་བྱེད་པ། 29.རིགས་པ་དང་འབྲེལ་བ། 30.ཟློས་པའི་སྐྱོན་མེད་པ། 31.སེང་གེའི་སྒྲའི་ཤུགས་ཅན། 32.གླང་པོ་ཆེའི་སྒྲ་སྐད། 33.འབྲུག་གི་སྒྲ་དབྱངས། 34.ཀླུའི་དབང་པོའི་སྒྲ། 35.དྲི་ཟའི་གླུ་དབྱངས། 36.བྱ་ཀ་ལ་པིང་ཀའི་སྒྲ་དབྱངས། 37.ཚངས་པའི་སྒྲ་དབྱངས་བསྒྲགས་པ། 38.ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲག་པ། 39.ལྷའི་དབང་པོའི་དབྱངས་ལྟར་སྙན་པ། 40.ཇའི་སྒྲ། 41.མ་ཁེངས་པ། 42.མི་དམའ་བ། 43.སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ། 44.ཚིག་ཟུར་ཆག་པ་མེད་པ། 45.མ་ཚང་བ་མེད་པ། 46.མ་ཞུམ་པ། 47.མི་ཞན་པ། 48.རབ་ཏུ་དགའ་བ། 49.ཁྱུབ་པ། 50.ཆུབ་པ། 51.རྒྱུན་ཆགས་པ། 52.འབྲེལ་བ། 53.སྒྲ་ཐམས་ཅད་རྫོགས་པར་བྱེད་པ། 54.དབང་པོ་ཐམས་ཅད་ཚིམ་པར་བྱེད་པ། 55.མ་སྨད་པ། 56.མི་འགྱུར་བ། 57.མ་བརྟགས་པ། 58.འཁོར་ཀུན་ཏུ་གྲག་པ། 59.འདོད་ཆགས་ཞི་བར་བྱེད་པ། 60.ཞེ་སྣང་འདུལ་བ། 61.གཏི་མུག་སེལ་བ། 62.བདུད་ཚར་གཅོད་པ། 63.རྣམ་པ་ཐམས་ཅད་མཆོག་དང་ལྡན་པར་འབྱུང་བ་བཅས་སོ། ། (སྐབས་འདིར་གསུང་དབྱངས་གཅིག་ཆད་ལགས།)

Tibetan Source 《དཀོན་བརྩེགས་ཀ་པ་》ཤ་203ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number