1135

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་རྣམ་པ་གསུམ།
Tibetan Alternate
Tibetan Definition ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་ཁག་གཅིག་སྟེ།

1.ཆོས་དགེ་བ་ནི། དད་པ་ལ་སོགས་པ་བཅུ་གཅིག་གོ ། ཡང་ན་སྲོག་མི་གཅོད་པ་ལ་སོགས་པ་དགེ་བ་བཅུའོ། ། 2.ཆོས་མི་དགེ་བ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་དང་། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཉི་ཤུའོ། ། ཡང་ན་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའོ། ། 3.ཆོས་ལུང་དུ་མི་སྟོན་པ་ལ་རྣམ་པ་གཉིས་ཏེ། (1)མ་བསྒྲིབས་ལ་ལུང་དུ་མི་སྟོན་པ་ནི། ང་དང་བདག་གིར་རྟོག་པའི་རང་བཞིན་མ་ཡིན་ཞིང་དེའི་དྲི་མས་མ་བསྒོས་པ་ན་ཀུན་གཞི་རྣམ་པར་ཤེས་པ་རང་བཞིན་མ་བསྒྲིབས་ལ་དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་པས་ན་ལུང་དུ་མི་སྟོན་པའོ། ། (2)བསྒྲིབས་ལ་ལུང་དུ་མི་སྟོན་པ་ནི། ང་དང་བདག་གིར་རྟོག་པའི་རང་བཞིན་ཡིན་ལ་དེའི་དྲི་མས་བསྒོས་པས་ན་བསྒྲིབས་པའོ། ། དགེ་བ་དང་མི་དགེ་བའི་རང་བཞིན་ཡིན་པས་ན་ལུང་དུ་མི་སྟོན་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་སི་པ་》ཤ་98ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number