11350

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་སྒྲ་དྲུག་ཅུ་རྩ་བཞི།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཀླུའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.མི་རྟག་པའི་སྒྲ་འབྱུང་བ། 2.སྡུག་བསྔལ་གྱི་སྒྲ། 3.བདག་མེད་པའི་སྒྲ། 4.ཞི་བའི་སྒྲ། 5.མངོན་པར་འདུ་མི་བྱེད་པའི་སྒྲ། 6.དབེན་པའི་སྒྲ། 7.མི་སྐྱེ་བའི་སྒྲ། 8.དངོས་པོ་མེད་པའི་སྒྲ། 9.འབྱུང་བ་མེད་པའི་སྒྲ། 10.གནས་མེད་པའི་སྒྲ། 11.ཇི་ལྟ་བ་བཞིན་གྱི་སྒྲ། 12.ཡང་དག་པའི་མཐའི་སྒྲ། 13.ཆོས་ཀྱི་དབྱིངས་ཀྱི་སྒྲ། 14.སེམས་ཅན་མེད་པའི་སྒྲ། 15.སྲོག་མེད་པའི་སྒྲ། 16.གང་ཟག་མེད་པའི་སྒྲ། 17.སྦྱིན་པའི་སྒྲ། 18.ཚུལ་ཁྲིམས་ཀྱི་སྒྲ 19.བཟོད་པའི་སྒྲ། 20.བརྩོན་འགྲུས་ཀྱི་སྒྲ། 21.བསམ་གཏན་གྱི་སྒྲ། 22.ཤེས་རབ་ཀྱི་སྒྲ། 23.བྱམས་པའི་སྒྲ། 24.སྙིང་རྗེའི་སྒྲ། 25.དགའ་བའི་སྒྲ། 26.བཏང་སྙོམས་ཀྱི་སྒྲ། 27.འོང་བ་མེད་པའི་སྒྲ། 28.འགྲོ་བ་མེད་པའི་སྒྲ། 29.རྒྱུ་བ་མེད་པའི་སྒྲ། 30.གནས་མེད་པའི་སྒྲ། 31.བརྟན་པ་མེད་པའི་སྒྲ། 32.སྟོང་པ་ཉིད་ཀྱི་སྒྲ། 33.མཚན་མ་མེད་པའི་སྒྲ། 34.སྨོན་པ་མེད་པའི་སྒྲ། 35.འདོད་ཆགས་དང་བྲལ་བའི་སྒྲ། 36.འབྱུང་བ་མེད་པའི་སྒྲ། 37.རྟེན་པའི་སྒྲ། 38.རྟེན་པ་མེད་པའི་སྒྲ། 39.སངས་རྒྱས་ཀྱི་སྒྲ། 40.ཆོས་ཀྱི་སྒྲ། 41.དགེ་འདུན་གྱི་སྒྲ། 42.བྱང་ཆུབ་ཚད་མེད་པའི་སྒྲ། 43.དྲན་པ་ཉེ་བར་གཞག་པའི་སྒྲ། 44.ཡང་དག་པར་སྤོང་བའི་སྒྲ། 45.རྫུ་འཕྲུལ་གྱི་རྐང་པའི་སྒྲ། 46.དབང་པོའི་སྒྲ། 47.སྟོབས་ཀྱི་སྒྲ། 48.བྱང་ཆུབ་ཀྱི་ཡན་ལག་གི་སྒྲ། 49.ལམ་གྱི་སྒྲ། 50.ཞི་གནས་ཀྱི་སྒྲ། 51.ལྷག་མཐོང་གི་སྒྲ། 52.ཐབས་ཀྱི་སྒྲ། 53.འདུ་བའི་དངོས་པོའི་སྒྲ། 54.སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒྲ། 55.བདུད་ཚར་གཅོད་པའི་སྒྲ། 56.དམ་པའི་ཆོས་ཡོངས་སུ་བཟུང་བའི་སྒྲ། 57.ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་། གཟུགས་བརྙན་དང་། ཆུའི་ཟླ་བ་དང་། བྲག་ཆ་ལྟ་བུའི་སྒྲ། 58.ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་སྒྲ། 59.འཁོར་བས་ཡོངས་སུ་མི་སྐྱོ་བའི་སྒྲ། 60.འབྱུང་བའི་སྒྲ། 61.དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱི་སྒྲ། 62.དབུ་བ་དང་། ཆུའི་ཆུ་བུར་དང་། སྨིག་རྒྱུ་དང་། ཆུ་ཤིང་གི་ཕུང་པོ་དང་། སྒྱུ་མ་དང་། སྙིང་པོ་མེད་པའི་སྒྲ། 63.-64.ཇི་སྐད་སྨྲས་པ་དེ་བཞིན་དུ་བྱ་ཞིང་ཆོས་སྒྲུབ་པའི་སྒྲ་འབྱུང་བ་བཅས་སོ། །

Tibetan Source 《མདོ་ཚ་པ་》ཤ་459བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number