11357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཉེས་པའི་གཞི་རྣམ་པ་དྲུག་ཅུ་རྩ་ལྔ།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་བསྡུས་པ་ལས་བྱུང་བ་སྟེ།

1.འཁྲིག་པའི་གཞི། 2.ཡོངས་སུ་ལེན་པའི་གཞི། 3.མི་བཟོད་པའི་གཞི། 4.ཡིད་ཆེས་ཤིང་རྙེད་པ་དང་བཀུར་སྟིའི་གཞི། 5.གནས་ཀྱི་གཞི། 6.ཚངས་པར་མཚུངས་པར་སྤྱོད་པའི་གཞི། 7.དགེ་འདུན་གྱི་གཞི། 8.ཟང་ཟིང་ལ་ལོངས་སྤྱོད་པའི་གཞི། 9.ཆོས་ལ་ལོངས་སྤྱོད་པའི་གཞི། 10.དགེ་བསྙེན་མའི་གཞི། 11.ཀུན་ཏུ་དགབ་པའི་གཞི། 12.ཉེ་བར་དགབ་པའི་གཞི། 13.བསྐང་བའི་གཞི། 14.མཚན་མའི་གཞི། 15.ལྷུང་བཟེད་ཀྱི་གཞི། 16.ཆོས་གོས་ཀྱི་གཞི། 17.ལྡང་བར་བྱེད་པའི་གཞི། 18.སྦྱིན་པ་དང་མི་སྦྱིན་པའི་གཞི། 19.དུས་མ་ཡིན་པར་ལེན་པའི་གཞི། 20.ཉེས་པར་གཞག་པའི་གཞི། 21.བསྔོས་པ་བསྒྱུར་བའི་གཞི། 22.ན་བའི་སྨན་གྱི་གཞི། 23.ལྟུང་བའི་གཞི། 24.རབ་ཏུ་བྱུང་བའི་གཞི། 25.འཁོར་བའི་གཞི། 26.རྩོད་པའི་གཞི། 27.སྟོན་པའི་གཞི། 28.གང་ཟག་བསྙེན་པར་རྫོགས་པའི་གཞི། 29.སོ་སོར་ཐར་པའི་གཞི། 30.སྡོམ་པའི་གཞི། 31.ས་བོན་དང་འབྱུང་པོའི་གནས་ཀྱི་གཞི། 32.ལྗིད་ཀྱི་གཞི། 33.མི་གུས་པའི་གཞི། 34.གནས་མལ་གྱི་གཞི། 35.དགེ་སློང་མའི་གཞི། 36.བསོད་སྙོམས་ཡོངས་སུ་ལོངས་སྤྱོད་པའི་གཞི། 37.ཆུ་ཡོངས་སུ་འཛིན་པའི་གཞི། 38.ཁྱིམ་དུ་ཉེ་བར་འགྲོ་བའི་གཞི། 39.མུ་སྟེགས་ཅན་གྱི་གཞི། 40.དམག་གི་གཞི། 41.གྲོགས་པོའི་གཞི། 42.མེའི་གཞི། 43.འདུན་པའི་གཞི། 44.ཉལ་བའི་གཞི། 45.ཚུལ་བཞིན་མ་ཡིན་པ་ལ་ཉེ་བར་རྟོག་པའི་གཞི། 46.མཚོན་གྱི་གཞི། 47.རུང་བ་མ་ཡིན་པ་ལེན་པའི་གཞི། 48.རང་དབང་མེད་པའི་གཞི། 49.དུད་འགྲོའི་སྐྱེ་གནས་ཀྱི་གཞི། 50.རྩེ་བའི་གཞི། 51.བུད་མེད་ཀྱི་ཡུལ་གྱི་གཞི། 52.ལམ་དུ་འཇུག་པའི་གཞི། 53.བསྙེན་པར་རྫོགས་པར་བྱེད་པའི་གཞི། 54.ས་ལེན་པའི་གཞི། 55.སྟོབས་པའི་གཞི། 56.བསླབ་པའི་གཞི། 57.སྨོད་པའི་གཞི། 58.འཐབ་པའི་གཞི། 59.འབེལ་བའི་གཏམ་གྱི་གཞི། 60.མགྲོན་དུ་བོས་པའི་གཞི། 61.གྲོང་དུ་འཇུག་པའི་གཞི། 62.ཁབ་རལ་གྱི་གཞི། 63.གནས་མལ་གྱི་ཚད་ཀྱི་གཞི། 64.ཆོས་གོས་ཀྱི་ཚད་ཀྱི་གཞི། 65.ཆོ་གའི་གཞི། 66.གླེང་བའི་གཞི་བཅས་སོ། ། (སྐབས་འདིར་གཞི་གཅིག་འཕར་དུ་ཐོན་པ་དཔྱད་)དེ་ལ་གཞི་རྣམ་པ་གཉིས་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པར་བརྗོད་པ་རྒྱས་པར་བྱས་ན་གོང་ལྟར་རོ། །

Tibetan Source 《བསྟན་འགྱུར་འདུལ་བ་ནུ་པ་》ཤ་98ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number