11359
Tibetan | ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མི་ཟད་པ་རེ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ།
1.སེམས་ཅན་ཐམས་ཅད་ལ་མ་གནོད་པ། 2.གཞན་གྱི་ལོངས་སྤྱོད་དག་ལ་མི་རྐུ་བ། 3.གཞན་གྱི་ཆུང་མ་དག་ལ་མ་ཆགས་པ། 4.སེམས་ཅན་ཐམས་ཅད་ལ་མི་སླུ་བ། 5.བདག་གི་འཁོར་གྱིས་ཆོག་པར་འཛིན་པས་ཕྲ་མ་མེད་བ། 6.ཚིག་དྲག་པོ་བཟོད་པས་མི་བརླང་པ། 7.ཚིག་ཤིན་ཏུ་སྤོང་བས་ཚིག་སྤྲུལ་པ་མི་སྨྲ་བ། 8.གཞན་བདེ་བ་ལ་དགའ་བས་བརྣབ་སེམས་མེད་པ། 9.ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ཚིག་གི་ལམ་བཟོད་པས་གནོད་སེམས་མེད་པ། 10.སྟོན་པ་གཞན་གྱི་བསྟན་པ་མེད་པས་ཡང་དག་པར་ལྟ་བ། 11.སེམས་ལ་རྙོག་པ་མེད་པས་སངས་རྒྱས་ལ་དད་པ། 12.ཆོས་ཉིད་ཀྱི་ཆོས་དམ་པའི་ཕྱིར་ཆོས་ལ་དད་པ། 13.འཕགས་པའི་ཚོགས་ཐམས་ཅད་ལ་དགའ་བས་དགེ་འདུན་ལ་དད་པ། 14.བླ་མ་ལ་གུས་བས་སྲི་ཞུ་ཆེ་བ། 15.སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཡན་ལག་ལྔས་ཕྱག་འཚལ་བས་ལུས་རབ་ཏུ་འདུད་པ། 16.ཁ་ན་མ་ཐོ་བ་ཆུང་རབས་ལའང་འཇིགས་པར་ལྟ་བས་ཚུལ་ཁྲིམས་མི་ལྷོད་པ། 17.ཐེག་པ་གཞན་ལ་མི་བརྟེན་པས་ཚུལ་ཁྲིམས་མ་རལ་བ། 18.ཉམ་ང་བར་སྐྱེ་བ་སྤོང་བས་ཚུལ་ཁྲིམས་མ་ཉམས་པ། 19.སྐྱེ་བོ་མི་སྲུན་པ་དང་། ཉོན་མོངས་པ་དང་མ་འདྲེས་པས་ཚུལ་ཁྲིམས་མ་འདྲེས་པ། 20.དཀར་པོའི་ཆོས་ཕྱོགས་གཅིག་ཏུ་འཕེལ་བས་ཚུལ་ཁྲིམས་མ་འཆོལ་བ། 21.ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་སྤོངས་པའི་ཚུལ་ཁྲིམས། 22.མཁས་པས་མ་སྨད་པས་རབ་ཏུ་བསྔགས་པའི་ཚུལ་ཁྲིམས། 23.དྲན་པ་དང་། ཤེས་བཞིན་རབ་ཏུ་ཉེ་བར་གནས་པས་རྣམ་པ་མཆོག་གི་ཚུལ་ཁྲིམས། 24.ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་མ་སྨད་པའི་ཚུལ་ཁྲིམས། 25.དབང་པོ་བསྲུངས་པས་ཤིན་ཏུ་སྦས་པའི་ཚུལ་ཁྲིམས། 26.སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་ལས་རྣམ་པར་གྲགས་པའི་ཚུལ་ཁྲིམས། 27.རུང་བ་ལ་ཚོད་ཤེས་པས་འདོད་པ་ཆུང་བའི་ཚུལ་ཁྲིམས། 28.ཆགས་པ་སྤོང་བས་ཆོག་ཤེས་པའི་ཚུལ་ཁྲིམས། 29.ལུས་དང་། སེམས་དབེན་པས་རང་བཞིན་གྱིས་དབེན་པའི་ཚུལ་ཁྲིམས། 30.འདུ་འཛི་རྣམ་པར་སྤོང་བས་དགོན་པ་ལ་གནས་པའི་ཚུལ་ཁྲིམས། 31.གཞན་གྱི་ངོར་མི་ལྟ་བས་འཕགས་པའི་རིགས་ཆོག་ཤེས་པའི་ཚུལ་ཁྲིམས། 32.དགེ་བའི་རྩ་བ་བདག་གི་ཁ་ན་ལས་པས་སྦྱངས་པའི་ཡོན་ཏན། ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས། 33.ལྷ་དང་། མི་མགུ་བར་བྱེད་པས་ཇི་ལྟར་སྨྲས་པ་དེ་ལྟར་སྤྱོད་པའི་ཚུལ་ཁྲིམས། 34.སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་པས་བྱམས་པའི་ཚུལ་ཁྲིམས། 35.སྡུག་བསྔལ་ཐམས་ཅད་བཟོད་པས་སྙིང་རྗེའི་ཚུལ་ཁྲིམས། 36.སེམས་མ་ཞུམ་པས་དགའ་བའི་ཚུལ་ཁྲིམས། 37.རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས། 38.བདག་གི་སེམས་ལ་ངེས་པར་སེམས་པས་བདག་གི་འཁྲུལ་པ་ལ་རྟོག་པའི་ཚུལ་ཁྲིམས། 39.གཞན་གྱི་སེམས་སྲུང་བས་གཞན་གྱི་འཁྲུལ་བ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས། 40.སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས། 41.ཚུལ་ཁྲིམས་རབ་ཏུ་བསྲུངས་པས་ཤིན་ཏུ་བཟུང་བའི་ཚུལ་ཁྲིམས། 42.སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པའི་སེམས་མེད་པས་བཟོད་པའི་ཚུལ་ཁྲིམས། 43.ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་ཚུལ་ཁྲིམས། 44.བསམ་གཏན་གྱི་ཡན་ལག་གི་ཚོགས་འཕེལ་བར་བྱེད་པས་བསམ་གཏན་གྱི་ཚུལ་ཁྲིམས། 45.ཐོས་པའི་དགེ་བའི་རྩ་བས་མི་ངོམས་པའི་ཕྱིར་ཤེས་རབ་ཀྱི་ཚུལ་ཁྲིམས། 46.ཐོས་པའི་སྙིང་པོ་ལེན་པའི་ཕྱིར་ཐོས་པའི་ཚུལ་ཁྲིམས། 47.བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་སྤེལ་བའི་ཕྱིར། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ཁྲིམས། 48.ལམ་ཉམ་ང་བ་འདོར་བའི་ཕྱིར་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས། 49.མི་རྟག་པའི་འདུ་ཤེས་ལ་རྟོགས་པས་ལུས་ལ་མི་ལྟ་བའི་ཚུལ་ཁྲིམས། 50.དགེ་བའི་རྩ་བ་ལ་བརྟེན་ཏེ་བྱེད་པས་སྲོག་ལ་ཡིད་མི་རྟོན་པའི་ཚུལ་ཁྲིམས། 51.བསམ་པ་དག་པའི་ཕྱིར་ཡིད་ལ་གཅགས་པ་མེད་པའི་ཚུལ་ཁྲིམས། 52.སྦྱོར་བ་དག་པའི་ཕྱིར་བཅོས་མ་མ་ཡིན་པའི་ཚུལ་ཁྲིམས། 53.ལྷག་པའི་བསམ་པ་དག་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའི་ཚུལ་ཁྲིམས། 54.ལས་ལེགས་པར་བྱས་པའི་ཕྱིར་མི་དགའ་བ་མེད་པའི་ཚུལ་ཁྲིམས། 55.ཁེངས་པ་མེད་པའི་ཕྱིར་ང་རྒྱལ་མེད་པའི་ཚུལ་ཁྲིམས། 56.འདོད་ཆགས་དང་བྲལ་བའི་ཕྱིར་མི་རྒོད་པའི་ཚུལ་ཁྲིམས། 57.དྲང་བའི་ཕྱིར་མི་གཡེང་བའི་ཚུལ་ཁྲིམས། 58.ཅང་ཤེས་པའི་ཕྱིར་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས། 59.མི་འཁྲུགས་པའི་ཕྱིར་དུལ་བའི་ཚུལ་ཁྲིམས། 60.ཉེ་བར་ཞི་བའི་ཕྱིར་ཞི་བའི་ཚུལ་ཁྲིམས། 61.ཇི་སྐད་སྨྲས་པ་བཞིན་བྱེད་པས་བཀའ་བློ་བདེ་ཞིང་མཐུན་པར་འཛིན་པའི་ཚུལ་ཁྲིམས། 62.བསྡུ་བའི་དངོས་པོ་མི་འདོར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས། 63.བདག་གི་ནོར་ཆུད་མི་ག་ཟོན་པའི་ཕྱིར་དམ་པའི་ཆོས་ཡོངས་སུ་སྲུང་བའི་ཚུལ་ཁྲིམས། 64.གཟོད་མ་ནས་ཤིན་ཏུ་དག་པས་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བའི་ཚུལ་ཁྲིམས། 65.དེའི་ཚུལ་ཁྲིམས་ཡོངས་སུ་བསྔོས་པས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡང་དག་པར་གཞོལ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཚུལ་ཁྲིམས་ཏེ། རྣམ་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ། ། |
Tibetan Source | 《མདོ་ཕ་པ་》ཤ་153ན་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |