11367
Tibetan | ཆོས་ཐམས་ཅད་ལ་འཇུག་པའི་རྣམ་པའི་སྒོ་བདུན་ཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དཀོན་བརྩེགས་ལེའུ་ཉེར་དྲུག་པ་ཤཱཀྱ་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ།
1.ཆོས་ཐམས་ཅད་མཚན་ཉིད་མེད་པ། 2.མཚན་མ་མེད་པ། 3.མ་སྐྱེས་པ། 4.རང་བཞིན་མེད་པ། 5.རྣམ་པར་རིག་པ་མེད་པ། 6.མ་བྱས་པ། 7.མངོན་པར་འདུས་མ་བྱས་པ། 8.འོང་བ་མེད་པ། 9.འགྲོ་བ་མེད་པ། 10.སེམས་ཅན་མེད་པ། 11.སྲོག་མེད་པ། 12.གསོ་བ་མེད་པ། 13.གང་ཟག་མེད་པ། 14.སྤྲོས་པ་མེད་པ། 15.མཚན་མ་མེད་པ། 16.རྟགས་མེད་པ། 17.ཀུན་ནས་དཀྲིས་པ་མེད་པ། 18.བག་ལ་ཉལ་བ་མེད་པ། 19.ཀུན་ནས་ཉོན་མོངས་པར་འགྱུར་བ་མེད་པ། 20.རྣམ་པར་བྱང་བ་མེད་པ། 21.རྗེས་སུ་ཆགས་པ་མེད་པ། 22.ཁོང་ཁྲོ་བ་མེད་པ། 23.བཅིངས་པ་མེད་པ། 24.གྲོལ་བ་མེད་པ། 25.འགྲོ་བ་མེད་པ། 26.རྒྱུག་པ་མེད་པ། 27.ལྡོག་པ་མེད་པ། 28.དམའ་བ་མེད་པ། 29.གནས་པ་མེད་པ། 30.འདུག་པ་མེད་པ། 31.མཉམ་པར་གཞག་པ་མེད་པ། 32.ནོར་པ་མེད་པ། 33.ཤེས་པ་པོ་མེད་པ། 34.རྣམ་པར་ཤེས་པ་མེད་པ། 35.མཐོང་བ་པོ་མེད་པ། 36.མི་མཐོང་བ་མེད་པ། 37.ཚུལ་ཁྲིམས་མེད་པ། 38.ཚུལ་ཁྲིམས་མ་ཡིན་པ་མེད་པ། 39.འགྱོད་པ་མེད་པ། 40.མི་འགྱོད་པ་མེད་པ། 41.མཆོག་ཏུ་དགའ་བ་མེད་པ། 42.མཆོག་ཏུ་མི་དགའ་བ་མེད་པ། 43.དགའ་བ་མེད་པ། 44.མི་དགའ་བ་མེད་པ། 45.ཤིན་ཏུ་སྦྱངས་པ་མེད་པ། 46.ཤིན་ཏུ་མ་སྦྱངས་པ་མེད་པ། 47.བདེ་བ་མེད་པ། 48.མི་བདེ་བ་མེད་པ། 49.ཏིང་ངེ་འཛིན་མེད་པ། 50.ཏིང་ངེ་འཛིན་མ་ཡིན་པ་མེད་པ། 51.ཡང་དག་པ་ཇི་ལྟ་བ་བཞིན་མེད་པ། 52.ལོག་པ་མེད་པ། 53.ཡིད་བྱུང་བ་མེད་པ། 54.ཡིད་མ་བྱུང་བ་མེད་པ། 55.འདོད་ཆགས་དང་བྲལ་བ་མེད་པ། 56.འདོད་ཆགས་དང་མ་བྲལ་བ་མེད་པ། 57.ལྟ་བ་མེད་པ། 58.ལྟ་བ་མ་ཡིན་པ་མེད་པ། 59.རྣམ་པར་གྲོལ་བ་མེད་པ། 60.རྣམ་པར་མ་གྲོལ་བ་མེད་པ། 61.ཤེས་པ་མེད་པ། 62.མི་ཤེས་པ་མེད་པ། 63.མཐོང་བ་མེད་པ། 64.མ་མཐོང་བ་མེད་པ། 65.ལས་མེད་པ། 66.རྣམ་པར་སྨིན་པ་མེད་པ། 67.ཚུལ་བཞིན་མེད་པ། 68.ཚུལ་བཞིན་མ་ཡིན་པ་མེད་པ་བཅས་སོ། ། (སྐབས་འདིར་སྒོ་གཉིས་གཞུང་དུ་མི་གསལ་བ་དཔྱད།) |
Tibetan Source | 《དཀོན་བརྩེགས་ང་པ་》ཤ་52བ་4ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |