11369
Tibetan | སྦས་དོན་མངོན་རྟོགས་ཀྱི་རིམ་པ་དོན་བདུན་ཅུ། |
---|---|
Tibetan Alternate | |
Tibetan Definition | 1.སྐབས་དང་པོའི་བསྟན་དོན་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
2.ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག 3.གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ། 4.རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག 5.རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། 6.མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། 7.སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། 8.ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་བཅས་སོ། ། གྲངས་བསྡོམས་ན། བཅུ་དང་བཅུ་གཅིག་དགུ་བཅུ་གཅིག ། བརྒྱད་དང་བཅུ་གསུམ་བཞི་དང་བཞི། ། ཞེས་གསུངས་སོ། ། (1)སེམས་བསྐྱེད་གདམས་ངག་ཐེག་ཆེན་སྦྱོར་ལམ་དང་། དེ་རྟེནརང་བཞིན་གནས་རིགས་དམིགས་པ་དང་། ། ཆེད་དུ་བྱ་དང་གོ་སྒྲུབ་འཇུག་པའི་སྒྲུབ། ། ཚོགས་སྒྲུབ་ངེས་འབྱུང་སྒྲུབ་ཅེས་རྣམ་མཁྱེ་ན་ཉིད། ། མཚོན་བྱེད་ཆོས་ནི་རྣམ་པ་བཅུ་རུ་ངེས། (2)ལམ་ཤེས་ཡན་ལག་ཉན་ཐོས་རང་རྒྱལ་གྱི། ། ལམ་ཉིད་ཤེས་པའི་ལམ་ཤེས་རྣམ་པ་གཉིས། ། ཐེག་ཆེན་མཐོང་ལམ་སྒོམ་ལམ་བྱེད་པ་དང་། ། མོས་པ་སྒོམ་ལམ་མོས་པ་ཕན་ཡོན་བཅས། ། བསྔོ་བ་རྗེས་སུ་ཡི་རང་སྒྲུབ་པ་དང། ། རྣམ་དག་སྒོམ་ལམ་དང་བཅས་ལམ་ཤེས་ཀྱི། ། མཚོན་བྱེད་ཆོས་ནི་བཅུ་གཅིག་རབ་ཏུ་བཤད། ། (3)ཤེས་པས་སྲིད་ལ་མི་གནས་ལམ་ཤེས་དང་། ། འབྲས་ཡུམ་ལ་རིང་ཉེ་བའི་གཞི་ཤེས་དང་། ། མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་གཞི་ཤེས། ། གཞི་ཤེས་སྦྱོར་བ་སྦྱོར་བའི་མཉམ་ཉིད་དང་། ། མཐོང་ལམ་བཅས་ཏེ་གཞི་ཤེས་མཚོན་བྱེད་དགུ། ། (4)སྦྱོར་བའི་རྣམ་པ་སྦྱོར་བའི་ངོ་བོ་དང་། ། དེ་ཡི་ཡོན་ཏན་སྐྱོན་དང་མཚན་ཉིད་བཅས། ། ཐར་པ་ཆ་མཐུན་ངེས་འབྱེད་ཆ་མཐུན་དང་། ། ཕྱིར་མི་ལྡོག་དང་སྲིད་ཞི་མཉམ་ཉིད་སྦྱོར། ། ཞིང་དག་སྦྱོར་བ་ཐབས་མཁས་སྦྱོར་པ་བཅས། ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཆོས་བཅུ་གཅིག (5)རོལ་ཚེ་བཟོད་པ་ཆོས་མཆོག་རྩེ་སྦྱོར་བཞི། ། མཐོང་ལམ་སྒོམ་ལམ་བར་ཆད་མེད་རྩེ་སྦྱོར། ། བསལ་བྱ་ལོག་སྒྲུབ་བརྒྱད་བཅས་རྩེ་སྦྱོར་མཚོན། ། (6)ཕྱིན་དྲུག་རྗེས་སུ་དྲན་པོ་རྣམ་དྲུག་དང་། ། དངོས་མེད་ངོ་བོ་ཉིད་ཀྱིས་མཐར་གྱིས་སྦྱོར། ། བཅུ་གསུམ་མཐར་གྱིས་སྦྱོར་བ་མཚོན་བྱེད་དོ། ། (7)རྣམ་པར་སྨིན་པ་མ་ཡིན་རྣམ་པར་སྨིན། ། མཚན་ཉིད་མེད་དང་གཉིས་སུ་མེད་པ་ཡི། ། སྐད་ཅིག་སྦྱོར་བ་མཚོན་བྱེད་རྣམ་པ་བཞི། ། (8)ངོ་བོ་ཉིད་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། ། ཡེ་ཤེས་ཆོས་སྐུ་འཕྲིན་ལས་བསྡོམས་བྱས་པ། ། རྣམ་པ་བཞི་ནི་ཆོས་སྐུ་མཚོན་བྱེད་དེ། ། དོན་ནི་བདུན་ཅུ་ཐམ་པ་ཞེས་བྱའོ། ། |
Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་416.3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |