11376
Tibetan | འདུས་པའི་ནད་ཀྱི་དབྱེ་བ་བདུན་ཅུ་རྩ་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྩ་བར། འདུས་པ་མཚུངས་གཅིག་རབ་འབྲིང་གསུམ་སྦྱར་དྲུག
གཉིས་གཅིག་ལྷག་པ་ལ་དྲུག་གོ་ལྡོག་ཟད། ། འཕེལ་ཟད་འདྲེས་ལ་མཉམ་འཕེལ་ཟད་སྦྱར་དུག ། གཅིག་ཟད་གཉིས་འཕེལ་གོ་ལྡོག་བཅས་པ་དྲུག འཕེལ་ཟད་དབྱེ་བ་བདུན་ཅུ་རྩ་བཞིའོ། ། ཞེས་གསུངས་པའི་དབྱེ་བ་ནི་འདི་ལྟ་སྟེ། 1.འདུས་པའི་དབྱེ་བ་ལ་མཚུངས་གཅིག་ཅེས་པ་སྟོབས་མཉམ་པའམ་མཚུངས་པ་གཅིག་སྟེ་ཉེས་པ་གསུམ་མཚུངས་པར་འཕེལ་བ་གཅིག རབ་འབྲིང་གསུམ་སྦྱར་དྲུག་ཅེས་པ་ཉེས་པ་གསུམ་གང་རུང་རབ་ཏུ་འཕེལ་བ་དང་། འབྲིང་དུ་འཕེལ་བ་དང་། ཐ་མར་འཕེལ་བ་གསུམ་དང་སྦྱར་བ་དྲུག་སྟེ། (1)རླུང་ཐ་མར་འཕེལ་མཁྲིས་པ་འབྲིང་དུ་འཕེལ་བད་ཀན་རབ་ཏུ་འཕེལ་བའི་འདུས་པ། (2)རླུང་ཐ་མར་འཕེལ་བད་ཀན་འབྲིང་དུ་འཕེལ་མཁྲིས་པ་རབ་ཏུ་འཕེལ་བའི་འདུས་པ། (3)མཁྲིས་པ་ཐ་མར་འཕེལ་བད་ཀན་འབྲིང་དུ་འཕེལ་མཁྲིས་པ་རབ་ཏུ་འཕེལ་བའི་འདུས་པ། (4)མཁྲིས་པ་ཐ་མར་འཕེལ་བད་ཀན་འབྲིང་དུ་འཕེལ་རླུང་རབ་ཏུ་འཕེལ་བའི་འདུས་པ། (5)བད་ཀན་ཐ་མར་འཕེལ་རླུང་འབྲིང་དུ་འཕེལ་མཁྲིས་པ་རབ་ཏུ་འཕེལ་བའི་འདུས་པ། (6)བད་ཀན་ཐ་མར་འཕེལ་མཁྲིས་པ་འབྲིང་དུ་འཕེལ་རླུང་རབ་ཏུ་འཕེལ་བའི་འདུས་པའི་ནད་དང་དྲུག་གོ ། 2.གཉིས་གཅིག་ལྷག་པ་ལ་དྲུག་ཅེས་པས་ཉེས་པ་གསུམ་གྱི་གཉིས་ཅུང་ཟད་འཕེལ་ཞིང་གཅིག་ལྷག་པར་འཕེལ་བས་འདུས་པ་ལ་དྲུག་སྟེ། (1)རླུང་མཁྲིས་གཉིས་ཅུང་ཟད་འཕེལ་བད་ཀན་ལྷག་པར་འཕེལ་བའི་འདུས་པ། (2)བད་ཀན་ཅུང་ཟད་འཕེལ་རླུང་མཁྲིས་ལྷག་པར་འཕེལ་བའི་འདུས་པ། (3)བད་མཁྲིས་ཅུང་ཟད་འཕེལ་རླུང་ལྷག་པར་འཕེལ་བའི་འདུས་པ། (4)རླུང་ཅུང་ཟད་འཕེལ་བད་མཁྲིས་ལྷག་པར་འཕེལ་བའི་འདུས་པ། (5)བད་རླུང་ཅུང་ཟད་འཕེལ་མཁྲིས་པ་ལྷག་པར་འཕེལ་བའི་འདུས་པ། (6)མཁྲིས་པ་ཅུང་ཟད་འཕེལ་བད་རླུང་ལྷག་པར་འཕེལ་བའི་འདུས་པ་དང་དྲུག་གོ ། 3.གོ་ལྡོག་ཟད་ཅེས་པ་འཕེལ་བ་ལས་གོ་ལྡོག་ནས་ཟད་པ་སྟེ། རླུང་མཁྲིས་བད་ཀན་གསུམ་མཚུངས་པར་ཟད་པའི་འདུས་པའི་ནད། རབ་འབྲིང་གསུམ་སྦྱར་དྲུག་ནི། (1)རླུང་ཐ་མར་ཟད་མཁྲིས་པ་འབྲིང་དུ་ཟད་བད་ཀན་རབ་ཏུ་ཟད་པ། (2)རླུང་ཐ་མར་ཟད་བད་ཀན་འབྲིང་དུ་ཟད་མཁྲིས་པ་རབ་ཏུ་ཟད་པ། (3)མཁྲིས་པ་ཐ་མར་ཟད་རླུང་འབྲིང་དུ་ཟད་བད་ཀན་རོབ་ཏུ་ཟད་པ། (4)མཁྲིས་པ་ཐ་མར་ཟད་བད་ཀན་འབྲིང་དུ་ཟད་རླུང་རབ་ཏུ་ཟད་པ། (5)བད་ཀན་ཐ་མར་ཟད་མཁྲིས་པ་འབྲིང་དུ་ཟད་མཁྲིས་པ་རབ་ཏུ་ཟད་པ། (6)བད་ཀན་ཐ་མར་ཟད་མཁྲིས་པ་འབྲིང་དུ་ཟད་རླུང་རབ་ཏུ་ཟད་པ་དང་དྲུག་གོ ། 4.གཉིས་གཅིག་ལྷག་པ་ལ་དྲུག་གོ་ལྡོག་ཟད། ཅེས་པའི་ཟད་པ་ནི། (1)རླུང་མཁྲིས་གཉིས་ཟད་བད་ཀན་ལྷག་པར་ཟད་པ། (2)བད་ཀན་ཟད་རླུང་མཁྲིས་གཉིས་ལྷག་པར་ཟད་པ། (3)བད་མཁྲིས་ཟད་རླུང་ལྷག་པར་ཟད་པ། (4)རླུང་ཟད་བད་མཁྲིས་གཉིས་ལྷག་པར་ཟད་པ། (5)བད་རླུང་གཉིས་ཟད་མཁྲིས་པ་ལྷག་པར་ཟད་པ། (6)མཁྲིས་པ་ཟད་བད་རླུང་གཉིས་ལྷག་པར་ཟད་པའི་འདུས་ནད་དྲུག་དང་བཅུ་གསུམ་མོ། ། 5.འཕེལ་ཟད་འདྲེས་ལ་མཉམ་འཕེལ་ཟད་སྦྱར་དྲུག་ཅེས་པ་སྟེ་ཉེས་གསུམ་འཕེལ་ཟད་འདྲེས་པའི་འདུས་པ་ལ་གང་རུང་གཅིག་འཕེལ་ཟད་ཅུང་ཟད་བྱས་པའི་མཉམ་པར་བཏགས་པ་དང་། གཅིག་འཕེལ་བ་དང་གཅིག་ཟད་པ་གསུམ་ཀ་ལ་སྦྱར་བ་དྲུག་སྟེ། (1)རླུང་མཉམ་མཁྲིས་པ་འཕེལ་བད་ཀན་ཟད་པའི་འདུས་པ། (2)རླུང་མཉམ་བད་ཀན་འཕེལ་མཁྲིས་པ་ཟད་པའི་འདུས་པ། (3)མཁྲིས་པ་མཉམ་རླུང་འཕེལ་བད་ཀན་ཟད་པའི་འདུས་པ། (4)མཁྲིས་པ་མཉམ་བད་ཀན་འཕེལ་རླུང་ཟད་པའི་འདུས་པ། (5)བད་ཀན་མཉམ་རླུང་འཕེལ་མཁྲིས་པ་ཟད་པའི་འདུས་པ། (6)བད་ཀན་མཉམ་མཁྲིས་པ་འཕེལ་རླུང་ཟད་པའི་འདུས་པའི་ནད་དང་དྲུག་གོ ། 6.གཅིག་ཟད་གཉིས་འཕེལ་གོ་ལྡོག་བཅས་པ་དྲུག ཅེས་པ་སྟེ། ཉེས་པ་གསུམ་གྱི་ནང་ནས་གང་རུང་གཅིག་ཟད་པ། གཞན་གཉིས་པོ་འཕེལ་བ་དང་། དེ་ལས་གོ་ལྡོག་པར་བཅས་པ་གཉིས་ཟད་གཅིག་འཕེལ་བ་དྲུག་སྟེ། (1)རླུང་ཟད་བད་མཁྲིས་གཉིས་འཕེལ་བ་ཡི་འདུས་པ། (2)བད་མཁྲིས་ཟད་རླུང་འཕེལ་བ། (3)མཁྲིས་པ་ཟད་བོད་རླུང་གཉིས་འཕེལ་བ། (4)བད་རླུང་གཉིས་ཟད་མཁྲིས་པ་འཕེལ་བ། (5)བད་ཀན་ཟད་རླུང་མཁྲིས་གཉིས་འཕེལ་བ། (6)རླུང་མཁྲིས་གཉིས་ཟད་བད་ཀན་འཕེལ་བ་དང་དྲུག་གོ ། (སྐབས་འདིར་གྲངས་འདྲེན་དཀྱུས་གཅིག་ཏུ་འདྲེན་ན་རྩ་འབོར་ཟིན་དཀའ་བ་གཞུང་ཚིག་ཆུ་བབས་སུ་བཀོད་པ་དཔྱད་) དེ་ལྟར་རྐྱང་པ་འཕེལ་བ་དགུ། ལྡན་པར་འཕེལ་བ་དགུ། འདུས་པར་འཕེལ་བ་བཅུ་གསུམ་སྟེ་སུམ་ཅུ་རྩ་གཅིག་དང་། དེ་ལས་གོ་ལྡོག་པར་ཟད་པ་སོ་གཅིག་དྲིལ་བས་དྲུག་ཅུ་རྩ་གཉིས། འཕེལ་ཟད་འདྲེས་པའི་འདུས་ནད་བཅུ་གཉིས་བཅས་སོ། ། |
Tibetan Source | 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་277.8ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |