11380
Jump to navigation
Jump to search
Tibetan | གྲངས་གནས་བརྒྱད་ཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། བྱང་ཆུབ་སེམས་དཔའ་སྡེ་སྣོད་ཕལ་པོ་ཆེའི་མདོ་ལས་བྱུང་བ་སྟེ། (སྐབས་འདིར་རྒྱུད་ནས་གྲངས་གནས་ཚིགས་བཅད་དུ་གསུངས་པ་གཤམ་དུ་ཆ་ཚང་བཀོད་པའི་གྲངས་གནས་རེ་རེ་བཞིན་དབྱེ་རྒྱུ་ཅུང་དཀའ་བར་མཐོང་ནས་རེ་ཞིག་དཔྱད་གཞིའི་ཆེད་གུག་རྟགས་ནང་གྲངས་གནས་སོ་སོར་ཨང་ཀིས་གསལ་བར་བྱས་ཡོད་པ་དོན་དང་མཐུན་མིན་དཔྱད་པར་ཞུ།) རྒྱུད་ལས། དང་པོ་(1)གྲངས་གཅིག་འབྱུང་བ་སྟེ། ། དེ་བཞིན་(2)ཉི་ཤུའང་ལྡན་པར་འགྱུར། ། དེ་ནས་མདོར་ན་སུམ་ཅུ་སྟེ། ། དེ་ལས་གཞན་ཡང་བཞི་བཅུ་ཡིན། ། དེ་ཕྱེད་བསྣན་ན་དྲུག་ཅུ་སྟེ། ། དེ་བཞིན་བཅུས་བསྣན་བདུན་ཅུ་ཡིན། ། དེ་སྟེང་བཅུ་ནི་བསྣན་པ་ལ། ། བརྒྱད་ཅུའི་གྲངས་སུ་གསུངས་པ་ཡིན། དེ་ལ་བཅུས་བསྣན་དགུ་བཅུར་གསུངས། ། བཅུ་གཞན་གྱིས་བསྣན་(3)བརྒྱ་ཡིན་ཏེ། ། བརྒྱ་ཡི་གྲངས་ཀྱིས་བགྲང་བ་ཡིན། ། དེ་དག་བཅུ་ལ་(4)སྟོང་ཕྲག་གཅིག ། སྟོང་ཕྲག་བཅུ་ལ་(5)ཁྲི་ཡིན་ཏེ། ། ཁྲི་བཅུ་ལ་ནི་(6)འབུམ་ཕྲག་གཅིག ། འབུམ་ཕྲག་བཅུ་ལ་(7)ས་ཡ་སྟེ། ། ས་ཡ་བཅུ་ལ་(8)བྱེ་བ་ཡིན། ། བྱེ་བ་བཅུ་ལ་(9)དུང་ཕྱུར་ཏེ། ། དུང་ཕྱུར་བཅུ་ལ་(10)ཐེར་འབུམ་ཡིན། ། དེ་བཅུ་(11)ཐེར་འབུམ་ཆེན་པོར་བསྟན། ། དེ་བཅུ་ལ་ནི་(12) ཤུག་རྔོག་སྟེ། ། ཤུག་ཇོག་བཅུ་ལ་(13) མཆོག་ཉལ་ཡིན། ། མཆོག་ཉལ་བཅུ་ལ་(14)རྐྱང་ཕྱེ་སྟེ། ། (15)རྐྱང་ཕྱེ་ཆེན་པོ་དེ་བཅུ་ཡིན། ། དེ་བཅུ་ལ་ནི་(16)ཁྱེད་ཕྱིན་ཡིན། ། (17)ཁྱད་ཕྱིན་ཆེན་པོ་དེ་བཅུ་ཡིན། ། དེ་དག་བཅུ་ལ་(18) སྒྱུ་མར་བརྗོད། ། (19)སྒྱུ་མ་ཆེན་པོ་དེ་བཅུ་ཡིན། ། དེ་བཅུ་ལ་ནི་(20)མཚོ་ཡས་ཞེས། ། འཇིག་རྟེན་འདྲེན་པས་གསུངས་པ་ཡིན། ། (21)མཚོ་ཡས་ཆེན་པོ་དེ་དག་བཅུ། ། མཚོ་ཡས་ཆེན་པོ་དེ་བཅུ་ལ། ། (22)དུག་ཆེན་པ་ཡི་རྒྱ་མཚོ་ཡིན། ། དེ་དག་ཉི་ཤུའི་ཕྱེད་ལ་ནི། ། (23)དུག་ཆེན་རྒྱ་མཚོ་ཆེན་པོ་ཡིན། ། དུག་ཆེན་རྒྱ་མཚོ་བཅུ་ལ་ནི། ། (25)མཆོག་ཡས་ཞེས་ནི་བརྗོད་པ་ཡིན། ། མཆོག་ཡས་བཅུ་ཞེས་བསྟན་པ་ནི། ། བན་བུན་(26)དག་ཏུ་རབ་ཏུ་བསྟན། ། བན་བུན་དེ་དག་བཅུ་ལ་ནི། ། དེ་ནི་(27)མ་ལུས་པ་ཞེས་བརྗོད། ། དེ་དག་ཉི་ཤུའི་ཕྱེད་ལ་ནི། ། (28)མ་ལུས་ཆེན་པོ་ཞེས་སུ་བརྗོད། ། དེ་ཆེ་གྲངས་ཀྱི་ཚད་དུ་ནི། ། འཇིག་རྟེན་འདྲེན་པས་གསུངས་པ་ཡིན། ། བཅུ་ཡི་གྲངས་ཀྱིས་བཅུར་བྱས་ན། ། གྲངས་ནི་(29)གྲངས་མེད་ཅེས་སུ་བརྗོད། ། གྲངས་མེད་བཅུར་ནི་བསྒྱུར་བྱས་ན། ། དེ་ལས་གཞན་དུ་(30)དཔག་མེད་ཡིན། ། དཔག་མེད་སྟོང་དུ་བསྒྱུར་བྱས་ན། ། (31)འཇིག་རྟེན་ཞེས་ནི་ཡོངས་སུ་བསྟན། ། འཇིག་རྟེན་དེ་བཅུ་(32)འཇིག་རྟེན་ཆེ། ། (33)འཇིག་རྟེན་ཆེན་པོ་བསྒྲེས་བྱས་ན། ། དེ་འོག་(34)མུན་པ་ཞེས་སུ་བརྗོད། ། (35)མུན་པ་ལས་ནི་(36)སྣང་བར་བརྗོད། ། (37)སྣང་བ་ཆེན་པོ་དེ་དག་བཅུ། ། དེ་བཅུ་ལ་ནི་(38)ཕུང་པོར་བརྗོད། ། ཕུང་པོ་དེ་བཅུ་བསྒྲེས་ན་ནི། ། (39)ཕུང་པོ་ཆེན་པོར་དེ་བརྗོད་དོ། ། ཕུང་པོ་ཆེན་པོ་དེ་བཅུ་ལ། ། འདི་ནི་(40)ཟབ་པ་ཞེས་བརྗོད་དོ། ། (41)ཟབ་པ་ལས་ནི་(42)བརྟན་པར་བརྗོད། ། (43)བརྟན་པ་ལས་ནི་(44)རབ་བརྟན་འགྲོ། ། དེ་ནས་གོང་དུ་(45)མང་ལྡན་ཡིན། ། མང་པོར་འདོད་པ་(46)གནས་སུ་བརྗོད། ། རྩིས་ཤེས་དམ་པས་གནས་སུ་བརྗོད། ། དེ་ནས་(47)གནས་ནི་ཆེན་པོར་འགྲོ། ། ཆེན་པོའི་གནས་ཞེས་འདོད་པ་བཞིན། ། (48)དཔག་དང་(49)དཔག་མེད་མཉམ་བྱས་ནས། ། དེ་དོན་(50)ཆེན་པོར་ཡོངས་སུ་བསྒྲགས། ། (51)དོན་ཆེན་རབ་འབྱོར་གནས་དང་ནི། ། དེ་ལས་(52)རྒྱ་མཚོ་ཆེན་པོར་འགྲོ། ། དང་པོ་(53)རྒྱ་མཚོ་ཆེན་པོར་བསྟན། ། དང་པོའི་དང་པོར་(54)ཕན་པ་དང་། ། དང་པོ་(55)མཆོག་ཅེས་བྱ་བར་བསྟན། ། མཆོག་ལས་(56)གཙོ་བོར་བརྗོད་པ་སྟེ། ། གཙོ་ལས་(57)ཁྱིམ་གྱི་མིང་ཡིན་ནོ། ། དེ་ནི་(58)བསམ་མི་ཁྱབ་པར་བརྗོད། ། བསམ་མི་ཁྱབ་ལས་(59)མི་བཟད་གཟུགས། ། མི་བཟད་གཟུགས་ལས་(60)རྒྱལ་ཐབས་འདོད། ། རྒྱལ་ཐབས་ལས་གཞན་(61)གཏེར་ཡིན་ཏེ། ། དེ་ཡི་(62)འོག་མ་དགེ་བ་ཡིན། ། དགེ་བའི་ཕ་རོལ་(63)སེམས་ལས་བྱུང་། ། དེ་ལས་གཞན་པའི་(64)སེམས་བྱུང་ཆེ། ། སེམས་ལས་སེམས་ནི་(65)རྣམ་པར་གཡེང་། ། (66)བརྗོད་པ་ཞེས་ནི་དེ་ལ་བྱ། ། བརྗོད་པ་ལས་ནི་(67)བརྗོད་མེད་ནས། ། (68)བསྙད་ཡས་སུ་ཡང་བརྗོད་པ་ཡིན། བསྙད་ཡས་ལས་གཞན་(69)བསྙད་ཡས་ཆེ། ། དེ་ཚེ་(70)ཕྱུར་ཕྱུར་ཞེས་ཀྱང་བརྗོད། ། ཕྱར་ཕྱུར་ལས་ནི་(71)ཕྱིར་ཕྱུར་ཆེ། ། (72)ཤུ་རྔོག་དེ་བཞིན་(73)ཤུ་རྔོག་ཆེ། ། རྩིས་ཀྱི་ཕ་རོལ་ཕྱིན་པའི་གནས། ། (74)དགེ་ཞིང་ཞི་བ་ཞེས་སུ་བསྟན། ། དེ་ནས་(75)བགེགས་ཆེན་མཐོང་བ་སྟེ། ། (76)ཆུ་འབྱུང་ཞེས་ནི་དེ་ལས་བརྗོད། ། ཆུ་འབྱང་དེ་ལས་(77)སེམས་འཕྲུལ་གནས། ། དེ་ལས་གཞན་པ་(78)དམ་པ་ཡིན། ། དེ་ལས་ཕ་རོལ་(79)སངས་རྒྱས་ཡུལ། དེ་ལས་གཞན་ནི་(80)འཕེལ་བྱེད་ས། ། འཇིག་རྟེན་མི་ཡི་རྩིས་དག་ནི། ། བགྲང་བར་ཡང་ནི་མི་ནུས་སོ། ། དེ་ལས་གཞན་དུ་སངས་རྒྱས་ཀྱི། ། གོ་འཕང་དང་ནི་སྤྱོད་ཡུལ་ཡིན། ། སངས་རྒྱས་ཞིང་ན་གངྒཱའི་ཀླུང་། ། བྱེ་མ་སྙེད་དུ་བརྗོད་པ་ནི། ། བསྡུས་ནས་རྡུལ་གྱི་ཚོགས་དག་ནི། ། འདྲེན་པས་བསྟན་པ་མཛད་པ་ཡིན། ། འདི་དག་དཔེར་ནི་བྱས་པ་སྟེ། ། ཚད་མ་ཤེས་པའི་སྤྱོད་ཡུལ་མིན། ། རྒྱུ་ཡིས་དངོས་པོ་བསྒྲུབ་བྱ་སྟེ། ། རྩིས་ཀྱི་ཕ་རོལ་ཕྱིན་མི་ནུས། ། ཞེས་གསུངས་སོ། ། |
Tibetan Source | 《རྒྱུད་ཐ་པ་》ཤ་295བ་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |