11384

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཚོ་གཞེས་ཀྱི་ལོ་བརྒྱད་ཅུ།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་འཕགས་པ་གནས་བརྟན་པའི་འདོད་པ་སྐྱེ། 1.དུས་མཚམས་དང་པོ། ཁབ་ཏུ་བཞུགས་པ་ལོ་ཉི་ཤུ་རྩ་དགུ། 2.དུས་མཚམས་གཉིས་པ། དཀའ་བ་སྤྱད་པ་ལོ་དྲུག 3.དུས་མཚམས་གསུམ་པ་སངས་རྒྱས་པ་ནས་དབྱར་གནས་པའི་ལོ་བཞི་བཅུ་རྩ་ལྔ་སྟེ། (1)དབྱར་གནས་པ་དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སུ་མཛད་པ། (2)དབྱར་གནས་པ་གཉིས་པ་བེ་ལུ་བ་ན་རུ་མཛད་པ། (3)དབྱར་གནས་པ་གསུམ་པ་ཡང་དེ་ལུ་བ་ནར་མཛད་པ། (4)དབྱར་གནས་པ་བཞི་པ་ཡང་བེ་ལུ་བ་ནར་མཛད་པ། (5)དབྱར་གནས་པ་ལྔ་པ་མེ་ཤཱ་ལི་ཡ་རུ་མཛད་པ། (6)དབྱར་གནས་པ་དྲུག་པ་གོ་ལེར་མཛད་པ། (7)དབྱར་གནས་པ་བདུན་པ་སུམ་ཅུ་རྩ་གསུམ་ལྷ་རུ་རྡོ་ཨར་མོ་ནིག་ཏུ་མཛད་པ། (8)དབྱར་གནས་པ་བརྒྱད་པ་སུ་ཤུ་མཱ་ར་གི་རིར་མཛད་པ། (9)དབྱར་གནས་པ་དགུ་པ་ཀཽ་ཤཱམྦྷི་རུར་མཛད་པ། (10)དབྱར་གནས་པ་བཅུ་པ་སྤྲེལ་བཏུལ་བ་ཞེས་པ་གླང་པོ་ཆེ་བཱ་རི་ལེ་མའི་ནགས་སུ་མཛད་པ། (11)དབྱར་གནས་པ་བཅུ་གཅིག་པ་རྒྱལ་པོའི་ཁབ་ཏུ་མཛད་པ། (12)དབྱར་གནས་པ་བཅུ་གཉིས་པ་བིརཉྫའི་གྲོང་དུ་མཛད་པ། (13)དབྱར་གནས་པ་བཅུ་གསུམ་པ་མཆོད་རྟེན་གྱི་རི་ལ་མཛད་པ། (14)དབྱར་གནས་པ་བཅུ་བཞི་པ་རྒྱལ་པོ་ཛེ་ཏ་བ་ནའི་ལྷ་ཁང་དུ་མཛད་པ། (15)དབྱར་གནས་པ་བཅོ་ལྔ་པ་ཀ་པི་ལ་བ་ཏུ་རུ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་མཛད་པ། (16)དབྱར་གནས་པ་བཅུ་དྲུག་པ་ཨ་ཌ་བ་ཀར་མཛད་པ། (17)དབྱར་གནས་པ་བཅུ་བདུན་པ་རྒྱལ་པོའི་ཁབ་ཏུ་མཛད་པ། (18)དབྱར་གནས་པ་བཅོ་བརྒྱུད་པ་ཛཱ་ལི་ནིའི་བྲག་ཕུག་ཏུ་མཛད་པ། (19)དབྱར་གནས་པ་བཅུ་དགུ་པ་ཡང་ཛ་ལི་ནིའི་བྲག་ཕུག་ཏུ་མཛད་པ། (20)དབྱར་གནས་པ་ཉི་ཤུ་པ་རྒྱལ་པོའི་ཁབ་ཏུ་མཛད་པ་བཅས་ལོ་ཉི་ཤུ། (21)དེ་ནས་དབྱར་གནས་པ་བཞི་ནི་མཉན་ཡོད་དུ་ཤར་ཕྱོགས་མ་མོ་མཾ་གཱ་རིའི་ཀུན་དགའ་ར་བ་རུ་མཛད་པ་ལོ་བཞི། (22)དེ་ནས་གྲོང་ཁྱེར་མཉན་ཡོད་དུ་དབྱར་གནས་པ་ལོ་ཉི་ཤུ་རྩ་གཅིག་མཛད་པ་བཅས་སོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་314ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number