11395
Tibetan | སེམས་བསྐྱེད་པ་རིན་པོ་ཆེ་བརྒྱད་ཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ།
1.དེ་ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་མཛད་པ། 2.ལྷག་པའི་བསམ་པའི་སེམས་རིན་པོ་ཆེ་མི་གཏོང་བ། 3.དགེ་བ་རིན་པོ་ཆེ་ཐམས་ཅད་ཀྱི་སེམས་མི་འདོར་བ། 4.དག་པ་རིན་པོ་ཆེ་ཐམས་ཅད་ལ་རབ་ཏུ་སྦྱོར་བའི་སེམས་མི་འདོར་བ། 5.ཡི་དམ་ལ་བརྟན་པའི་སེམས་རིན་པོ་ཆེ་ཡོངས་སུ་མི་འདོར་བ། 6.བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་རིན་པོ་ཆེ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་རྣམ་པར་སྨིན་པ་ལ་མི་རེ་བའི་སེམས་རིན་པོ་ཆེ་ལ་འཇུག་པ། 7.མི་དགེ་བའི་རྩ་བ་རྣམ་པ་གསུམ་རྣམ་པར་སྤངས་པས་ལུས་ཀྱི་རྒྱན་གྱི་སེམས་རིན་པོ་ཆེ། 8.ངག་གི་སྐྱོན་རྣམ་པ་བཞི་རྣམ་པར་སྤངས་པས་ངག་གི་རྒྱན་གྱི་སེམས་རིན་པོ་ཆེ། 9.བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དང་བྲལ་བས་སེམས་ཀྱི་རྒྱན་གྱི་སེམས་རིན་པོ་ཆེ། 10.ཚུལ་ཁྲིམས་མ་ཉམས་ཤིང་སྐྱོན་མེད་དེ་འདྲེན་མ་མ་ཡིན་ཞིང་ཐུན་ཚགས་མ་ཡིན་པས་ཚུལ་ཁྲིམས་ཀྱི་རྒྱན་གྱི་སེམས་རིན་པོ་ཆེ། 11.སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་ཁོང་ཁྲོ་བ་མེད་པའི་སེམས་རིན་པོ་ཆེ། 12.སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་ལ་ཇི་མི་སྙམ་པས་བཟོད་པ་དང་དེས་པའི་སེམས་རིན་པོ་ཆེ། 13.བྱང་ཆུབ་ཀྱི་ཡན་ལག་ལ་ལྟ་བས་ལུས་དང་སྲོག་ལ་མི་ལྟ་བའི་སེམས་རིན་པོ་ཆེ། 14.མཐོ་དམན་མེད་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་སེམས་རིན་པོ་ཆེ། 15.ཞུམ་པ་མེད་པས་བརྩོན་འགྲུས་བརྟན་པའི་གོ་ཆའི་སེམས་རིན་པོ་ཆེ། 16.ལྷོད་པ་མེད་པའི་བརྩོན་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་སེམས་རིན་པོ་ཆེ། 17.བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པས་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། མོས་པ་བརྗེད་པ་མེད་པའི་སེམས་རིན་པོ་ཆེ། 18.སེམས་ལ་དབང་བྱེད་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བསྐྱེད་པའི་སེམས་རིན་པོ་ཆེ། 19.དམ་པའི་ཆོས་བསགས་པས་ཆོས་ཡོངས་སུ་ཚོལ་བའི་སེམས་རིན་པོ་ཆེ། 20.འཇིགས་པ་མེད་ཅིང་སྤོབས་པས་ཐོས་པ་འཛིན་པའི་སེམས་རིན་པོ་ཆེ། 21.སྡིག་པ་འདོད་པ་མེད་པས་ཟང་ཟིང་མེད་པར་ཆོས་སྟོན་པའི་སེམས་རིན་པོ་ཆེ། 22.ཆགས་པའི་སེམས་མེད་པས་སློབ་དཔོན་ཆོས་མི་འཆབ་པའི་སེམས་རིན་པོ་ཆེ། 23.ནན་ཏན་སྙིང་པོར་བྱེད་པས་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སེམས་རིན་པོ་ཆེ། 24.དེ་ལྟར་བྱེད་པས་ཇི་ལྟར་ཐོས་པའི་ཆོས་རྣམས་ལ་ནན་ཏན་བྱེད་པའི་སེམས་རིན་པོ་ཆེ། 25.གཞན་གྱི་དྲིང་ལ་མི་འཇོག་པས་ཤེས་རབ་ཀྱིས་སོ་སོར་རྟོག་པའི་སེམས་རིན་པོ་ཆེ། 26.སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པས་བྱམས་པ་ཆེན་པོའི་སེམས་རིན་པོ་ཆེ། 27.སེམས་ཅན་ཐམས་ཅད་ལ་ལྟ་བས་སྙིང་རྗེ་ཆེན་པོའི་སེམས་རིན་པོ་ཆེ། 28.ཆོས་ལ་དགའ་མོས་དད་པས་དགའ་བ་ཆེན་པོའི་སེམས་རིན་པོ་ཆེ། 29.ཆོས་ཐམས་ཅད་ངེས་པར་སེམས་པས་བཏང་སྙོམས་ཆེན་པོའི་སེམས་རིན་པོ་ཆེ། 30.དགེ་བའི་རྩ་བ་བསགས་པས་འཁོར་བ་ན་ཡོངས་སུ་མི་སྐྱོ་བའི་སེམས་རིན་པོ་ཆེ། 31.བདག་གི་བདེ་བ་ལ་མི་ཆགས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སེམས་རིན་པོ་ཆེ། 32.ཆོས་འཛིན་པས་བསྡུ་བའི་དངོས་པོའི་སེམས་རིན་པོ་ཆེ། 33.ཐམས་ཅད་དུ་རྣམ་པར་འཕྲུལ་པས་མངོན་པར་ཤེས་པ་ཆེན་པོའི་སེམས་རིན་པོ་ཆེ། 34.མ་ཐོས་པའི་ཆོས་མཉན་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པའི་སེམས་རིན་པོ་ཆེ། 35.དགེ་བའི་རྩ་བ་ཐམས་ཅད་གསོག་པས་སྡིག་པའི་གྲོགས་པོ་སྤོང་བའི་སེམས་རིན་པོ་ཆེ། 36.ཐ་དད་པ་མེད་པས་སེམས་ཅན་ཐམས་ཅད་ལ་སྦྱོར་བ་མཉམ་པའི་སེམས་རིན་པོ་ཆེ། 37.སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་འཇུག་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཡོངས་སུ་ཤེས་པའི་སེམས་རིན་པོ་ཆེ། ། 38.སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པས་ཆོས་ཀྱི་སྨན་ཐམས་ཅད་ཡོངས་སུ་ཚོལ་བའི་སེམས་རིན་པོ་ཆེ། 39.ཆོས་ཀྱི་བདག་ཉིད་བསམ་པ་བསླབ་པ་རྣམས་ལ་མི་བརྙས་པའི་སེམས་རིན་པོ་ཆེ། 40.སེམས་ཅན་ཐམས་ཅད་ལ་འདུད་པས་ང་རྒྱལ་མེད་པའི་སེམས་རིན་པོ་ཆེ། 41.འཆོས་པ་མེད་པའི་གཡོ་དང་སྒྱུ་མེད་པའི་སེམས་རིན་པོ་ཆེ། 42.དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པས་ཆོས་ལ་དགའ་བའི་སེམས་རིན་པོ་ཆེ། 43.སངས་རྒྱས་ཐམས་ཅད་ལ་བྱས་པ་གཟོ་བས་དམ་པའི་ཆོས་ཡོངས་སུ་འཛིན་པའི་སེམས་རིན་པོ་ཆེ། 44.བརྟན་པའི་གྲོགས་པོའི་ཕྱིར་བྱས་པ་ཤེས་ཤིང་བྱས་པ་གཟོ་བའི་སེམས་རིན་པོ་ཆེ། 45.ལྟོས་པ་མེད་པས་ལན་དུ་ཕན་འདོགས་པ་ལ་མི་རེ་བའི་སེམས་རིན་པོ་ཆེ། 46.དཀར་པོའི་ཕྱོགས་སྲུང་བས་དགོན་པ་ལ་དགའ་བའི་སེམས་རིན་པོ་ཆེ། 47.ལས་བྱས་པ་ཆུད་མི་གསོན་པས་རྟག་ཏུ་རབ་ཏུ་འབྱུང་བའི་སེམས་རིན་པོ་ཆེ། 48.སྡོམ་པའི་སྤྱོད་པ་གསོག་པས་འཕགས་པའི་རིགས་ལ་དགའ་བའི་སེམས་རིན་པོ་ཆེ། 49.སེམས་ཅན་ཐམས་ཅད་མགུ་བར་བྱེད་པས་སྦྱངས་པའི་ཡོན་ཏན་ཐམས་ཅད་དང་ཡོ་བྱད་བསྙུངས་པའི་སེམས་རིན་པོ་ཆེ། 50.ཤེས་རབ་ཀྱིས་མི་ངོམས་པས་འདོད་པ་ཆུང་ཞིང་ཆོག་ཤེས་པའི་སེམས་རིན་པོ་ཆེ། 51.ལུས་དང་སེམས་དབེན་པས་དགའ་བ་ལ་དབེན་པའི་སེམས་རིན་པོ་ཆེ། 52.མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པས་བསོད་ནམས་ཀྱི་ཚོགས་ཀྱིས་མི་ངོམས་པའི་སེམས་རིན་པོ་ཆེ། 53.སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བའི་སེམས་རིན་པོ་ཆེ། 54.སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ། 55.ཆོས་མཉན་པ་དང་མི་འབྲལ་བའི་ཕྱིར་ཆོས་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ། 56.ཕྱིར་མི་ལྡོག་པའི་དགེ་འདུན་ལ་གཞོལ་བའི་ཕྱིར་དགེ་འདུན་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ། 57.བྱང་ཆུབ་ཀྱི་སེམས་ལས་མི་གཡོ་བའི་ཕྱིར་ཚུལ་ཁྲིམས་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ། 58.ཉོན་མོངས་པ་ཐམས་ཅད་ཡོངས་སུ་བོར་བས་གཏོང་བ་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ། 59.སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པའི་ཕྱིར་ལྷ་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ། 60.མཚུངས་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ། 61.དོན་ཐམས་ཅད་རྟོགས་པས་དོན་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ། 62.ཆོས་ཀྱི་དབྱིངས་འདྲེས་པ་མེད་པས་ཆོས་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ། 63.སེམས་ཅན་གྱི་ཚིག་ཐམས་ཅད་རྟོགས་པས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ། 64.ཚིག་འབྲུའི་རང་བཞིན་རྗེས་སུ་རྟོགས་པས་སྤོབས་པ་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ། 65.རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པའི་ཚུལ་གྱིས་ཡེ་ཤེས་ལ་རྟོན་པའི་སེམས་རིན་པོ་ཆེ། 66.བཀྲི་པའི་དོན་གྱི་མདོ་སྡེ་ལས་དང་བྱ་བ་དང་འགལ་བས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་སེམས་རིན་པོ་ཆེ། 67.གང་ཟག་གི་རང་བཞིན་རྗེས་སུ་རྟོག་པས་ཆོས་ཉིད་ལ་རྟོན་པའི་སེམས་རིན་པོ་ཆེ། 68.ཁམས་གསུམ་ཐམས་ཅད་ལ་མངོན་པར་ཞེན་པས་འཇིགས་པའི་ཕྱིར་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་སྡུག་བསྔལ་བར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ། 69.སེམས་ཅན་ཐམས་ཅད་ལ་བདག་མེད་པས་ཆོས་ ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ། 70.འདོད་པའི་ཁམས་ལས་ཤིན་ཏུ་འདའ་བས་མི་གཙང་བར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ། 71.ཤིན་ཏུ་ཞི་ཞིང་ཉེ་བར་ཞི་བས་མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ། 72.བདུད་རྩིའི་སྒོ་ལ་ཡང་དག་པར་གཞོལ་བས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མོས་པའི་སེམས་རིན་པོ་ཆེ། 73.མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་ཆོས་ཐམས་ཅད་ལ་མ་སྐྱེས་པ་དང་། མ་བྱུང་བར་མོས་པའི་སེམས་རིན་པོ་ཆེ། 74.ལྟ་བ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་ཆོས་ཐམས་ཅད་ལ་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མིག་ཡོར་དང་། རྨི་ལམ་ལྟ་བུར་ཡང་དགུ་པར་གཞོལ་བས་སེམས་རིན་པོ་ཆེ། 75.རྟག་པ་དང་ཆད་པ་དང་བྲལ་བས་རྟེན་ཅིང་འབྲེལ་པར་འགྱུར་བ་དང་མཐུན་པའི་སེམས་རིན་པོ་ཆེ། 76.གཉིས་དང་བྲལ་བས་མཐར་ལྟ་བ་ཐམས་ཅད་སེལ་བའི་སེམས་རིན་པོ་ཆེ། 77.ཐེག་པ་གཅིག་ཏུ་ཁོང་དུ་ཆུད་པས་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའི་སེམས་རིན་པོ་ཆེ། 78.སྐྱོན་མེད་པ་ལ་འཇུག་པས་སྤྱོད་པ་ཐམས་ཅད་ལས་ལྡོག་པའི་སེམས་རིན་པོ་ཆེ། 79.ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཡང་དག་པར་སྐྱོན་མེད་པ་ལ་སོ་སོར་རྟོག་པའི་རིན་པོ་ཆེ། 80.སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་སེམས་རིན་པོ་ཆེ་བཅས་སོ། ། |
Tibetan Source | 《མདོ་ན་པ་》ཤ་407བ་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |