11402
Tibetan | ཆོས་ཀྱི་ཁམས་བརྒྱད་ཅུ་རྩ་བདུན། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.ཡིད་ལ་བྱེད་པ་ལ་སོགས་པ་ནས་རྟོག་པ་དང་དཔྱོད་པ་ལ་ཐུག་པ་ཡན་ཆད་སེམས་ལས་བྱུང་བ་ལྔ་བཅུ་རྩ་གསུམ་གྱི་གྲངས་འདྲེན་(སྐབས་འདིར་གསལ་བཤད་གནང་མི་འདུག་པ་ཚན་པ་ལྔ་བཅུ་རྩ་གསུམ་ནང་གཟིགས)། 2.ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཉི་ཤུ་རྩ་དྲུག་ནི། (1)སྡོམ་པ་དང་སྡོམ་པ་མ་ཡིན་པར་བསྡུས་པའི་གཟུགས། (2)ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས། (3)ཐོབ་པ། (4)འདུ་ཤེས་མེད་པའི་སྙོམས་པར་འཇུག་པ། (5)འགོག་པའི་སྙོམས་པར་འཇུག་པ། (6)འདུ་ཤེས་མེད་པ། (7)སྲོག་གི་དབང་པོ། (8)རིས་མཐུན་པ། (9)སོ་སོའི་སྐྱེ་བོ་ཉིད། (10)སྐྱེ་བ། (11)རྒ་བ། (12)གནས་པ། (13)མི་རྟག་པ་ཉིད། (14)མིང་གི་ཚོགས། (15)ཚིག་གི་ཚོགས། (16)ཡི་གེའི་ཚོགས། (17)འཇུག་པ། (18)སོ་སོར་ངེས་པ། (19)འབྱོར་འབྲེལ། (20)མགྱོགས་པ། (21)གོ་རིམ། (22)དུས། (23)ཡུལ། (24)གྲངས། (25)ཚོགས་པ། (26)ཚོགས་པ་མ་ཡིན་པའོ། ། 3.འདུས་མ་བྱས་ཀྱི་དངོས་པོ་བརྒྱད་ནི། (1)ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ། (2)སོ་སོར་བརྟགས་པས་འགོག་པ། (3)དགེ་བ། (4)མི་དགེ་བ། (5)ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད། (6)མི་གཡོ་བ། (7)འདུ་ཤེས། (8)ཚོར་བ་འགོག་པའོ། ། དེ་དག་ནི་བརྒྱད་ལས་དྲུག་ཏུ་འགྱུར་རོ་དྲུག་ལས་ཀྱང་བརྒྱད་དུ་འགྱུར་རོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཚི་པ་》ཤ་35བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |