11415

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བརྫུན་སྨྲ་བ་དགུ་བཅུ་རྩ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.བརྫུན་སྨྲ་བ་བཅུ་གཉིས་སྟེ། (1)མཐོང་ཞིང་མཐོང་བར་འདུ་ཤེས་ལ་མ་མཐོང་ཞེས་སྨྲ་བ། (2)མཐོང་ཞིང་མཐོང་བར་འདུ་ཤེས་ལ་ཡིད་གཉིས་སྨྲ་བ། (3)མཐོང་ཞིང་བརྗོད་དོ་མ་མཐོང་བར་འདུ་ཤེས་ཏེ་མཐོང་ཞེས་སྨྲ་བ། (4)ཡིད་གཉིས་སྨྲ་བ། (5)མ་མཐོང་ཞིང་ཐེ་ཚོམ་ཟ་བ་མཐོང་བ་སྨྲ་བ། (6)མ་མཐོང་བ་སྨྲ་བ། (7)མཐོང་བ་ལ་ཡང་ཐོས་ཞེས་པ་སྨྲ་བ། (8)མཐོང་བ་ལ་འདོད་པར་སྨྲ་བ། (9)མཐོང་བ་ལ་རྣམ་པར་ཤེས་པ་སྨྲ་བ། (10)ཐོས་ལ་ཡིད་གཉིས་སྨྲ་བ། (11)འདོད་ལ་ཡིད་གཉིས་སྨྲ་བ། (12)རྣམ་པར་ཤེས་པ་ལ་ཡིད་གཉིས་སྨྲ་བ་དང་བཅུ་གཉིས་སོ། ། 2.བརྫུན་སྨྲ་བ་བཅུ་གཉིས་ལས་བཟློག་པའི་བརྫུན་སྨྲ་བ་བཅུ་གཉིས་སྟེ། (1)མ་མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་མཐོང་བ་སྨྲ་བ། (2)ཐེ་ཚོམ་སྨྲ་བ། (3)མ་མཐོང་ཞིང་བརྗེད་དེ་མཐོང་བར་འདུ་ཤེས་ཤིང་མ་མཐོང་བར་སྨྲ་བ། (4)ཐེ་ཚོམ་སྨྲ་བ། (5)མ་མཐོང་ལ་ཐེ་ཚོམ་ཟ་ཞིང་མ་མཐོང་བ་སྨྲ་བ། (6)མཐོང་བ་སྨྲ་བ། (7)མ་མཐོང་བ་ཐོས་པ་སྨྲ་བ། (8)འདོད་པ་སྨྲ་བ། (9)རྣམ་པར་ཤེས་ལ་སྨྲ་བ། (10)མ་མཐོང་ལ་ཡིད་གཉིས་སྨྲ་བ། (11)འདོད་པ་ལ་ཡིད་གཉིས་སྨྲ་བ། (12)རྣམ་པར་ཤེས་པ་ལ་ཡིད་གཉིས་སྨྲ་བ་དང་བཅུ་གཉིས་དང་ཉི་ཤུ་རྩ་བཞི་པོ་མཐོང་བའི་རྟེན་ལ་བརྫུན་སྨྲ་བ་ཉི་ཤུ་རྩ་བཞི། ཐོས་པ་ལ་བརྟེན་པ་ཉི་ཤུ་རྩ་བཞི། འདོད་པ་ལ་བརྟེན་པ་ཉི་ཤུ་རྩ་བཞི། རྣམ་པར་ཤེས་པ་ལ་བརྟེན་པ་ཉི་ཤུ་རྩ་བཞི་བཅས་སོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་217ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number