11429

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྟག་པ་ཐེར་ཟུག་དགུ་སོགས་རྟག་པ་བ་བརྒྱ་རྩ་གཅིག
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་སྐབས་བཅུ་གསུམ་འཇིག་རྟེན་པའི་ཐེག་པ་ལས་བྱུང་བ་སྟེ། ། རྟག་པ་ཐེར་ཟུག་དགུ་སྟེ། །

1.སྤྱིར་རྟག་པར་འདོད་པ། 2.བྱེ་བྲག་སྨྱུ་དང་། དབང་ཕྱུག་བྱེད་པ་པོ་རྟག་པར་འདོད་པ། 3.རིག་བྱེད་ཀྱི་ཚིག་རྟག་པར་འདོད་པ། 4.བརྗོད་དུ་མེད་པའི་བདག་རྟག་པར་འདོད་པ། 5.རིག་བྱ་རྟག་པར་འདོད་པ། 6.ཡོན་ཏན་རྟག་པར་འདོད་པ། 7.གཙོ་བདག་རྟག་པར་འདོད་པ། 8.ཚིག་གི་དོན་དགུ་རྟག་པར་འདོད་པ། 9.རིག་པའི་གནས་རྟག་པར་འདོད་པའོ། ། འདི་དག་གི་རྟག་པའི་རང་བཞིན་བདག་དང་། གཙོ་བོ་དང་། རྣམ་འགྱུར་གསུམ། རིག་བྱ། རིག་བྱེད། རིག་ཡུལ། སྤྱོད་ཚུལ། ལས་སྤྱི་འགྲེལ་པ། འབད་འདུའི་ཤུགས་དང་བཅུ་གཅིག་རེ་རེ་གཞལ་བས་བརྒྱ་རྩ་གཅིག་ཏུ་གནས་པ་ཡིན་ནོ། །

Tibetan Source 《མདོ་རྒྱུད་མཛོད་ཀི་པ་》ཤ་696.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number