11445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚིག་བརྒྱ་རྩ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་བཀའ་འདྲི་ཞུས་པར་གསུངས་པའི་སྔོན་གྱི་སངས་རྒྱས་ཀྱིས་བརྗོད་པའི་ཚིག་སྟེ།

1.སྐྱེ་བའི་ཚིག 2.མི་སྐྱེ་བའི་ཚིག 3.རྟག་པའི་ཚིག 4.མི་རྟག་པའི་ཚིག 5.མཚན་ཉིད་ཀྱི་ཚིག 6.མཚན་ཉིད་མེད་པའི་ཚིག 7.གནས་གཞན་དུ་འགྱུར་བའི་ཚིག 8.གནས་གཞན་དུ་འགྱུར་བ་མ་ཡིན་པའི་ཚིག 9.སྐུད་ཅིག་པའི་ཚིག 10.སྐད་ཅིག་པ་མེད་པའི་ཚིག 11.རང་བཞིན་ཡོད་པའི་ཚིག 12.རང་བཞིན་མེད་པའི་ཚིག 13.སྟོང་པ་ཉིད་ཀྱི་ཚིག 14.སྟོང་པ་ཉིད་མ་ཡིན་པའི་ཚིག 15.ཆད་པའི་ཚིག 16.ཆད་པ་མ་ཡིན་པའི་ཚིག 17.སེམས་ཀྱི་ཚིག 18.སེམས་མེད་པའི་ཚིག 19.དབུ་མའི་ཚིག 20.དབུ་མ་མ་ཡིན་པའི་ཚིག 21.ཐེར་ཟུག་པའི་ཚིག 22.ཐེར་ཟུག་མ་ཡིན་པའི་ཚིག 23.རྐྱེན་གྱི་ཚིག 24.རྐྱེན་མ་ཡིན་པའི་ཚིག 25.རྒྱུའི་ཚིག 26.རྒྱུ་མེད་པའི་ཚིག 27.ཉོན་མོངས་པའི་ཚིག 28.ཉོན་མོངས་པ་མེད་པའི་ཚིག 29.སྲེད་པའི་ཚིག 30.སྲེད་པ་མེད་པའི་ཚིག 31.ཐབས་ཀྱི་ཚིག 32.ཐབས་མ་ཡིན་པའི་ཚིག 33.མཁས་པའི་ཚིག 34.མཁས་པ་མ་ཡིན་པའི་ཚིག 35.དག་པའི་ཚིག 36.དག་པ་མ་ཡིན་པའི་ཚིག 37.རིགས་པའི་ཚིག 38.རིགས་པ་མ་ཡིན་པའི་ཚིག 39.དཔེའི་ཚིག 40.དཔེ་མེད་པའི་ཚིག 41.སློབ་མའི་ཚིག 42.སློབ་མ་མ་ཡིན་པའི་ཚིག 43.བླ་མའི་ཚིག 44.བླ་མ་མ་ཡིན་པའི་ཚིག 45.རིགས་ཀྱི་ཚིག 46.རིགས་མེད་པའི་ཚིག 47.ཐེག་པ་གསུམ་གྱི་ཚིག 48.ཐེག་པ་གསུམ་མེད་པའི་ཚིག 49.སྣང་བའི་ཚིག 50.སྣང་བ་མེད་པའི་ཚིག 51.སྨོན་པའི་ཚིག 52.སྨོན་པ་མེད་པའི་ཚིག 53འཁོར་གསུམ་གྱི་ཚིག 54.འཁོར་གསུམ་མེད་པའི་ཚིག 55.མཚན་མའི་ཚིག 56.མཚན་མ་མེད་པའི་ཚིག 57.ཡོད་མེད་ཀྱི་ཕྱོགས་ཀྱི་ཚིག 58.ཡོད་མེད་ཀྱི་ཕྱོགས་མ་ཡིན་པའི་ཚིག 59.གཉིས་ཀའི་ཚིག 60.གཉིས་ཀ་མ་ཡིན་པའི་ཚིག 61.སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ཚིག 62.སོ་སོ་རང་གི་འཕགས་པའི་ཡེ་ཤེས་མེད་པའི་ཚིག 63.མཐོང་བའི་ཆོས་ལ་བདེ་བའི་ཚིག 64.མཐོང་བའི་ཆོས་ལ་བདེ་བ་མེད་པའི་ཚིག 65.ཞིང་གི་ཚིག 66.ཞིང་མེད་པའི་ཚིག 67.རྡུལ་གྱི་ཚིག 68.རྡུལ་མེད་པའི་ཚིག 69.ཆུའི་ཚིག 70.ཆུ་མེད་པའི་ཚིག 71.རྨོངས་པའི་ཚིག 72.རྨོངས་པ་མ་ཡིན་པའི་ཚིག 73.ཡང་དག་པའི་ཚིག 74.ཡང་དག་པ་མ་ཡིན་པའི་ཚིག 75.གྲངས་དང་རྩིས་ཀྱི་ཚིག 76.གྲངས་དང་རྩིས་མེད་པའི་ཚིག 77.མངོན་པར་ཤེས་པའི་ཚིག 78.མངོན་པར་ཤེས་པ་མེད་པའི་ཚིག 79.སྐྱོ་བའི་ཚིག 80.སྐྱོ་བ་མེད་པའི་ཚིག 81.སྟུག་པོའི་ཚིག 82.སྟུག་པོ་མ་ཡིན་པའི་ཚིག 83.སྒྱུ་རྩལ་དང་རིག་པ་དང་བཟོའི་ཚིག 84.སྒྱུ་རྩལ་དང་རིག་པ་དང་བཟོ་མེད་པའི་ཚིག 85.རླུང་གི་ཚིག 86.རླུང་མེད་པའི་ཚིག 87.སའི་ཚིག 88.ས་མེད་པའི་ཚིག 89.སེམས་ཀྱི་ཚིག 90.སེམས་མེད་པའི་ཚིག 91.གདགས་པའི་ཚིག 92.གདགས་པ་མེད་པའི་ཚིག 93.རང་བཞིན་གྱི་ཚིག 94.རང་བཞིན་མེད་པའི་ཚིག 95.ཕུང་པོའི་ཚིག 96.ཕུང་པོ་མེད་པའི་ཚིག 97.སེམས་ཅན་གྱི་ཚིག 98.སེམས་ཅན་མེད་པའི་ཚིག 99.བློའི་ཚིག 100.བློ་མེད་པའི་ཚིག 101.མྱ་ངན་ལས་འདས་པའི་ཚིག 102.མྱ་ངན་ལས་འདས་པ་མེད་པའི་ཚིག 103.ཤེས་བྱའི་ཚིག 104.ཤེས་བྱ་མེད་པའི་ཚིག 105.མུ་སྟེགས་ཅན་གྱི་ཚིག 106.མུ་སྟེགས་ཅན་མེད་པའི་ཚིག 107.ཁྲུག་ཁྲུག་གི་ཚིག 108.ཁྲག་ཁྲུག་མ་ཡིན་པའི་ཚིག 109.སྒྱུ་མའི་ཚིག 110.སྒྱུ་མ་མེད་པའི་ཚིག 111.རྨི་ལམ་གྱི་ཚིག 112.རྨི་ལམ་མེད་པའི་ཚིག 113.སྨིག་རྒྱུའི་ཚིག 114.སྨིག་རྒྱུ་མེད་པའི་ཚིག 115.གཟུགས་བརྙན་གྱི་ཚིག 116.གཟུགས་བརྙན་མེད་པའི་ཚིག 117.འཁོར་ལོའི་ཚིག 118.འཁོར་ལོ་མེད་པའི་ཚིག 119.དྲི་ཟའི་ཚིག 120.དྲི་ཟ་མ་ཡིན་པའི་ཚིག 121.ལྷའི་ཚིག 122.ལྷ་མ་ཡིན་པའི་ཚིག 123.ཟས་སྐོམ་གྱི་ཚིག 124.ཟས་སྐོམ་མེད་པའི་ཚིག 125.འཁྲིག་པའི་ཚིག 126.འཁྲིག་པ་མེད་པའི་ཚིག 127.ལྟ་བའི་ཚིག 128.ལྟ་བ་མེད་པའི་ཚིག 129.ཕ་རོལ་ཏུ་ཕྱིན་པའི་ཚིག 130.ཕ་རོལ་ཏུ་ཕྱིན་པ་མེད་པའི་ཚིག 131.ཚུལ་ཁྲིམས་ཀྱི་ཚིག 132.ཚུལ་ཁྲིམས་མེད་པའི་ཚིག 133.ཉི་ཟླ་དང་སྐར་མའི་ཚིག 134.ཉི་ཟླ་དང་སྐར་མ་མེད་པའི་ཚིག 135.བདེན་པའི་ཚིག 136.བདེན་པ་མེད་པའི་ཚིག 137.འབྲས་བུའི་ཚིག 138.འབྲས་བུ་མེད་པའི་ཚིག 139.འགོག་པའི་ཚིག 140.འགོག་པ་མེད་པའི་ཚིག 141.འགོག་པ་ལས་ལྡང་བའི་ཚིག 142.འགོག་པ་ལས་ལྡང་བ་མེད་པའི་ཚིག 143.གསོ་བའི་ཚིག 144.གསོ་བ་མེད་པའི་ཚིག 145.མཚན་གྱི་ཚིག 146.མཚན་མེད་པའི་ཚིག 147.ཡན་ལག་གི་ཚིག 148.ཡན་ལག་མེད་པའི་ཚིག 149.སྒྱུ་རྩལ་རིག་པའི་ཚིག 150.སྒྱུ་རྩལ་རིག་པ་མེད་པའི་ཚིག 151.བསམ་གཏན་གྱི་ཚིག 152.བསམ་གཏན་མེད་པའི་ཚིག 153.ནོར་པའི་ཚིག 154.ནོར་པ་མེད་པའི་ཚིག 155.སྣང་བའི་ཚིག 156.སྣང་བ་མེད་པའི་ཚིག 157.བསྲུང་བའི་ཚིག 158.བསྲུང་བ་མེད་པའི་ཚིག 159.རུས་ཀྱི་ཚིག 160.རུས་མེད་པའི་ཚིག 161.དྲང་སྲོང་གི་ཚིག 162.དྲང་སྲོང་མ་ཡིན་པའི་ཚིག 163.རྒྱལ་པོའི་སྲིད་ཀྱི་ཚིག 164.རྒྱལ་པོའི་སྲིད་མ་ཡིན་པའི་ཚིག 165.གཟུང་བའི་ཚིག 166.གཟུང་བ་མེད་པའི་ཚིག 167.རིན་པོ་ཆེའི་ཚིག 168.རིན་པོ་ཆེ་མེད་པའི་ཚིག 169.ལུང་བསྟན་པའི་ཚིག 170.ལུང་བསྟན་མེད་པའི་ཚིག 171.འདོད་ཆེན་པའི་ཚིག 172.འདོད་ཆེན་པ་མེད་པའི་ཚིག 173.ཕོ་མོ་དང་མ་ནིང་གི་ཚིག 174.ཕོ་མོ་དང་མ་ནིང་མེད་པའི་ཚིག 175.བྲོ་བའི་ཚིག 176.བྲོ་བ་མེད་པའི་ཚིག 177.བྱེད་པའི་ཚིག 178.བྱེད་པ་མེད་པའི་ཚིག 179.ལུས་ཀྱི་ཚིག 180.ལུས་མེད་པའི་ཚིག 181.རྟོག་གེའི་ཚིག 182.རྟོག་གེ་མེད་པའི་ཚིག 183.གཡོ་བའི་ཚིག 184.གཡོ་བ་མེད་པའི་ཚིག 185.དབང་པོའི་ཚིག 186.དབང་པོ་མེད་པའི་ཚིག 187.འདུས་བྱས་ཀྱི་ཚིག 188.འདུས་བྱས་མེད་པའི་ཚིག 189.རྒྱུ་དང་འབྲས་བུའི་ཚིག 190.རྒྱུ་དང་འབྲས་བུ་མེད་པའི་ཚིག 191.འོག་མའི་ཚིག 192.འོག་མིན་གྱི་ཚིག 193.དུས་ཀྱི་ཚིག 194.དུས་མེད་པའི་ཚིག 195.ཤིང་དང་ཤིང་གེལ་པ་དང་ལྕག་མ་གྱེས་པའི་ཚིག 196.ཤིང་དང་ཤིང་གེལ་པ་དང་ལྕག་མ་གྱེས་པ་མེད་པའི་ཚིག 197.སྣ་ཚོགས་ཀྱི་ཚིག 198.སྣ་ཚོགས་མེད་པའི་ཚིག 199.བསྟན་པས་གཟུང་བའི་ཚིག 200.བསྟན་པས་གཟུང་བ་མེད་པའི་ཚིག 201.འདུལ་བའི་ཚིག 202.འདུལ་བ་མེད་པའི་ཚིག 203.དགེ་སློང་གི་ཚིག 204.དགེ་སློང་མེད་པའི་ཚིག 205.བྱིན་གྱི་རླབས་ཀྱི་ཚིག 206.བྱིན་རླབས་མེད་པའི་ཚིག 207.ཡི་གེའི་ཚིག 208.ཡི་གེ་མེད་པའི་ཚིག་(སྐབས་འདིར་ཚིག་ཉིས་བརྒྱ་བརྒྱད་ཡོང་བ་ནི་ཡོད་མེད་གཉིས་གཅིག་ཏུ་རྩིས་ན་བརྒྱ་རྩ་བཞི་ཡོང་བ་ཅི་ཡིན་དཔྱད།)

Tibetan Source 《མདོ་ཅུ་པ་》ཤ་106ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number