11447
Tibetan | ཡུམ་འབུམ་གྱི་འགྲེལ་རྐང་བརྒྱ་དང་བརྒྱད། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཀུན་ནས་ཉིན་མོངས་ཕྱོགས་ཀྱི་ལྔ་བཅུ་ང་གསུམ་དང་། རྣམ་བྱང་ཕྱོགས་ཀྱི་ལྔ་བཅུ་ང་ལྔ་སྟེ། །
1.ཀུན་ནས་ཉིན་མོངས་ཕྱོགས་ཀྱི་ལྔ་བཅུ་ང་གསུམ་ནི། (1)གཞི་གཟུགས་སོགས་ཕུང་པོ་ལྔ་ལ་སྡེ་ཚན་ལྔ། (2)རྟེན་དབང་པོ་གཟུགས་ཅན་པ་ལྔ་ཡིད་དབང་དང་བཅས་སྡེ་ཚན་དྲུག (3)བརྟེན་པ་རྣམ་པར་ཤེས་པ་དྲུག་ལ་སྡེ་ཚན་དྲུག (4)དམིགས་པ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག་ལ་སྡེ་ཚན་དྲུག (5)ཕྲད་པ་མིག་གི་འདུས་ཏེ་རེག་པ་སོགས་དྲུག་ལ་སྡེ་ཚན་དྲུག་ཚན་དྲུག (6)མྱོང་བ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་སོགས་དྲུག་ལ་སྡེ་ཚན་དྲུག (7)བསྐྱེད་གཞི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་དྲུག་ལ་སྡེ་ཚན་དྲུག (8)ཉེས་དམིགས་པ་མ་རིག་པའི་རྟེན་འབྲེལ་ནས་རྒ་ཤིའི་བར་ཡན་ལག་བཅུ་གཉིས་ལ་སྡེ་ཚན་བཅུ་གཉིས་དང་ལྔ་བཅུ་ང་གསུམ་མོ། ། 2.རྣམ་བྱང་ཕྱོགས་ཀྱི་ལྔ་བཅུ་ང་ལྔ་ནི། ། (1)སྤྱོད་པའི་ལམ་ཕར་ཕྱིན་དྲུག་ལ་སྡེ་ཚན་དྲུག (2)་ལྟ་བའི་ལམ་སྟོང་ཉིད་བཅོ་བརྒྱད་ལ་སྡེ་ཚན་བཅོ་བརྒྱད། (3)རྣལ་འབྱོར་གྱི་ལམ་བྱང་ཕྱོགས་སོ་བདུན་ལ་སྡེ་ཚན་བདུན། (4)གཞི་གནས་ཀྱི་ལམ་འཕགས་པའི་བདེན་པ་བཞི། བསམ་གཏན་བཞི། བྱམས་སོགས་ཚད་མེད་བཞི། གཟུགས་མེད་སྙོམས་འཇུག་བཞི། རྣམ་པར་ཐར་པ་བརྒྱད། མཐར་གནས་སྙོམས་འཇུག་དགུ་སྟེ་དེ་དག་རེ་རེ་ལ་སྡེ་ཚན་རེ་རེ་བྱས་པས་སྡེ་ཚན་དྲུག (5)ལྷག་མཐོང་གི་ལམ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་གསུམ་ལ་སྡེ་ཚན་གཅིག (6)ཡོན་ཏན་ཁྱད་པར་ཅན་གྱི་ལམ་མངོན་པར་ཤེས་པ་ལྔ་ལ་སྡེ་ཚན་གཅིག (7)ཏིང་ངེ་འཛིན་བཞི་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན། དྲི་མ་མེད་པའི་ཏིང་ངེ་འཛིན། སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་དང་བཞི་ལ་སྡེ་ཚན་གཅིག (8)གཟུངས་ཀྱི་སྒོ་བཞི་ནི། སྟོང་ཉིད་ལ་མི་སྐྲག་པ་ཆོས་ལ་ངེས་སེམས་ཀྱི་བཟོད་པའི་གཟུངས། ཉེར་འཚེ་ཞི་བའི་རིག་སྔགས་རྩོམ་ནུས་པ་གསང་སྔགས་ཀྱི་གཟུངས། མིང་བརྡ་དོན་མི་བརྗེད་པ་དོན་གྱི་གཟུངས། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མི་བརྗེད་པ་དོན་གྱི་གཟུངས་དང་བཞི་ལ་སྡེ་ཚན་གཅིག (9)འབྲས་བུའི་ལམ་སྟོབས་བཅུ་དང་། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བཅས་དྲུག་ལ་སྡེ་ཚན་རེ་རེ་བྱས་པས་སྡེ་ཚན་དྲུག (10)དེ་མངོན་དུ་བྱེད་པའི་གང་ཟག་ལྔ་ནི། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ། རང་སངས་རྒྱས་དང་ལྔ་སྟེ་དེ་སོ་སོར་སྡེ་ཚན་རེ་རེ་བྱས་པའི་སྡེ་ཚན་ལྔ། (11)མཐར་ཐུག་གི་འབྲས་བུ་གསུམ་ནི། གཞི་ཤེས། ལམ་ཤེས། རྣམ་མཁྱེན་དང་གསུམ་སོ་སོར་སྡེ་ཚན་རེ་རེ་བྱས་པའི་སྡེ་ཚན་གསུམ་དང་བཅས་སོ། ། འདི་རྣམས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་དངོས་སུ་བརྗོད་ནས་འགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བ་དང་མ་སྦྱར་བ་གང་རུང་བྱས་ནས་གདུལ་བྱ་ལ་སྟོང་ཉིད་བསྟན་པས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དངོས་སུ་བསྟན་པས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སྟོན་པའི་མངོན་པའི་སྡེ་སྣོད་ཡིན་གསུངས་ཤིང་། དེ་ཡི་དགོངས་པ་འགྲེལ་པ་ལ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལ་སོགས་དབུ་མ་རིགས་ཚོགས་དྲུག་དང་། དཔལ་ལྡན་ཟླ་བས་རྒྱ་ཆེན་པོའི་ལམ་གྱི་རིམ་པས་ཁ་བསྐང་མཛད་ནས་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་པའོ། །(འགྲེལ་རྐང་ཚན་པ་སོ་སོར་ནང་དོན་ཆེས་རྒྱ་ཆེ་བ་ཡོད་པ་ཚན་པ་སོ་སོར་ཞིབ་ཆ་བཀོད་ཡོད།) |
Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤུ་412.20ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |