11449

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གྲུབ་མཐའ་ལྟ་བའི་རྩ་བ་བརྒྱ་རྩ་བཅུ།
Tibetan Alternate
Tibetan Definition དེ་ཡང་། དུང་དཀར་ཚིག་མཛོད་ཆེན་མོ་ལས་བྱུང་བ་གྲུབ་མཐའ་ལྟ་བའི་རྩ་བ་བརྒྱ་རྩ་བཅུ་གང་ཞེ་ན།

1.སངས་རྒྱས་པ། 2.འཛིན་པ་མེད་པ། 3.འཚེ་བ་པ། 4.ལོ་མ་ཅན། 5.གཙང་སྦྲ་ཅན། 6.ཁྱབ་འཇུག་པ། 7.ཁྱབ་འཇུག་སེམས་པ་བ། 8.དབྱུག་གུ་གསུམ་པ། 9.ཀོ་ལྤགས་དུམ་བུ་ཅན། 10.མཉམ་པར་སྤྱོད་པ། 11.ལྷ་མཆོད་པ། 12.ཆོས་ཀྱི་མཆོག་སྦྱིན་ཅན། 13.གདུང་བ་ཅན། 14.ལག་པ་གདུང་བ་ཅན། 15.རྒྱལ་པོར་སྨྲ་བ། 16.རྒན་མོར་སྨྲ་བ། 17.མེ་ཡོ་ཨུ་ད་རི། 18.རིགས་དང་རྗེས་སུ་མཐུན་པ། 19.བཅིངས་ནས་འདུག་པ། 20.འཁོར་ལོ་སྐྱོང་བ། 21.རི་ལ་གནས་པ། 22.རྒྱལ་པོའི་བསོད་སྙོམས་ཅན། 23.གླང་པོ་ཆེའི་རྒྱལ་མཚན་ཅན། 24.ཀློག་ཅན། 25.ནང་ཅན། 26.རྟ་འདུལ་བ། 27.ཀ་ལན་ད་ཀ་པ། 28.སྣོད་གཙང་མ་ཅན། 29.སློང་མོས་རྒྱུ་བ། 30.ཡན་ལག་རལ་པའི་ནང་དུ་བསྟུམས་པ། 31.སྒྲོན་མ་ལྷག་པ་ཅན། 32.གསེར་ཅན། 33.གྲུབ་པར་སྨྲ་བ། 34.དབང་པོ་ཆེན་པོ། 35.ཞ་ཉེ་ཅན། 36.བྱང་ཕྱོགས་ཀྱི་འགྲམ་ན་གནས་པ། 37.ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ། 38.འུག་པ་བ། 39.དགེ་སྦྱོང་བ། 40.ལུས་ལ་གནོད་པ་མེད་པ། 41.ཀ་ཀན་དྷ་བ། 42.ལྷའི་གྲོང་པ། 43.ས་ཁུང་ན་གནས་པ། 44.ཆོས་སེམས་པ་བ། 45.ཟླ་བ་ཕྱེད་པ། 46.ནགས་ན་གནས་པ། 47.བེ་ཤི་ཥ་ཀ 48.ཚངས་པར་སྤྱོད་པ། 49.གོ་ཏ་མ་བ། 50.ཕ་ལ་གུས་པ་བ། 51.མ་ལ་གུས་པ་བ། 52.ཟླ་བ་ཤར་བ་པ། 53.ཉི་མ་ཤར་བ་པ། 54.ལག་པར་ཟ་བ། 55.སྙིང་གིས་འཚོ་བ། 56.ཕུང་པོ་གསུམ་པ་བ། 57.ཤིན་ཏུ་ཁྲུས་བྱས་པ། 58.བ་རའི་སྤྱོད་པ་ཅན། 59.འཐོར་བྱེད་པ། 60.འཁོར་བ་ལས་གྲོལ་བ། 61.པ་ཏཾ་ཛ་ལ་བ། 62.ལྷ་མཆོད་པ། 63.གཞན་ལ་མི་འདུད་པ། 64.གོས་ཀྱི་དུམ་བུ་ཅན། 65.འུག་པའི་གཤོག་པ་ཅན། 66.ལན་གསུམ་དུ་ཆུར་འཇུག་པ། 67.མཁའ་ལྡིང་བ། 68.ཁྱིམ་གྱི་ར་བ་ན་གནས་པ། 69.བ་ལང་། 70.རི་དྭགས། 71.རྟ། 72.ཁྱི། 73.གསོལ་བ་མི་འདེབས་པའི་བརྟུལ་ཞུགས་པ། 74.མེའི་བརྟུལ་ཞུགས་པ། 75.གཞོན་ནུའི་བརྟུལ་ཞུགས་པ། 76.ཞིབ་མོའི་བརྟུལ་ཞུགས་རྒྱལ་མཚན་ཅན། 77.ཀློག་ཅན། 78.ནང་ཅན། 79.རྟ་འདུལ་བ། 80.ཀ་ལན་ད་ཀ་པ། 81.སྣོད་གཙང་མ་ཅན། 82.སློང་མོས་རྒྱུ་བ། 83.ཡན་རྡོ་འཐག་པ་བ། 84.ཆུས་དགུ་པར་ལྟ་བ། 85.སྐྱེས་ནས་དག་པར་ལྟ་བ། 86.ལས་ཀྱིས་དག་པར་ལྟ་བ། 87.ཆུ་ལ་བྱི་འཛུལ་བྱེད་པ། 88.དགོན་པ་བ། 89.ས། 90.ཆུ། 91.མེ། 92.རླུང་། 93.ནམ་མཁའ་ལས་སེམས་ཡོད་པར་ལྟ་བ། 94.ནམ་མཁའ་འབྱུང་བ། 95.ཤིང་རྟ་མང་པོ་ཅན། 96.བསམ་གཏན་ལ་དགའ་བ། 97.ཆོས་ཅན་པ། 98.ཟས་གྲང་མོ་ཅན། 99.ཕྲག་པའི་གོས་ཅན། 100.དོན་ཐམས་ཅད་པ། 101.ཕྲུ་བ་གཅིག་པ། 102.དོན་ཐམས་ཅད་པ། 103.ཕྲུ་བ་གཅིག་པ། 104.གྲངས་ཅན་གྱི་རྣལ་འབྱོར་བ། 105.སོའི་གཏུན་རྡུང་ཅན། 106.མཚེའུའི་འགྲམ་ན་གནས་པ། 107.སོའི་གཏུན་རྡུངས་ཅན། 108.མཚེའུའི་འགྲམ་ན་གནས་པ། 109.བྷ་ར་དྷ་ཛ་བ། 110.གཅེར་བུ་བ། 111.གཉེན་གྱི་བུ་བ། 112.མེས་པོ་བ། 113.ཕྱུག་བདག་པ། 114.དུང་སྒྲ་ཅན། 115.ལྷ་སྟེན་སྦྱིན་པའི་བུ། 116.ཀ་རྒྱུའི་བུ་བ། 117.སྣ་ཚོགས་ལྟ་བ་བཅས་བརྒྱ་དང་བཅུ་བདུན་ནོ། ། (སྐབས་འདིར་གྲངས་བདུན་འཕར་བ་དཔྱད།)

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་567.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number