11466
Tibetan | འཇིག་རྟེན་གྱི་ཐམས་ཅད་ཀྱི་གྲངས་བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྒྲེས་་པའི་བར་གྲངས་གནས་ཆེན་པོ་རེ་རེས་བསྒྱུར་བའི་གྲངས་གནས་བརྒྱ་དང་ཉི་ཤུ་རྩ་བརྒྱད། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཕལ་ཆེན་ལེའུ་སོ་དྲུག་པ་གྲངས་ལ་འཇུག་པ་བསྟན་པའི་ལེའུ་ལས་བྱུང་བ་སྟེ།
1.བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ། ། 2.བྱེ་བ་བྱེ་བ་ན་ཁོད་ཁོད་དོ། ། 3.ཁོད་ཁོད་ཁོད་ཁོད་ན་ཐད་དགུའོ། ། 4.ཐད་དགུ་ཐད་དགུ་ན་ཁྲིག་ཁྲིག་གོ ། 5.ཁྲིག་ཁྲིག་ཁྲིག་ཁྲིག་ན་ཐམས་ཐམས་སོ། ། 6.ཐམས་ཐམས་ཐམས་ཐམས་ན་མྱང་མྱིད་དོ། ། 7.མྱང་སྐྱིད་མྱང་མྱིད་ན་གང་ཡའོ། ། 8.གང་ཡ་གང་ཡ་ན་བན་བུན་ནོ། ། 9.བན་བུན་བན་བུན་ན་ཕྱུར་ཕྱུར་རོ། ། 10.ཕྱིར་ཕྱུར་ཕྱིར་ཕྱུར་ན་ལྕག་ཐིག་གོ ། 11.ལྕག་ཐིག་ལྕག་ཐིག་ན་བྱང་བྱིང་ངོ་། ། 12.བྱིང་བྱིང་བྱང་བྱིང་ན་ཆེམ་ཆེམ་མོ། ། 13.ཆེམ་ཆེམ་ཆེམ་ཆེམ་ན་ཕྱལ་ཕྱོལ་ལོ། ། 14.ཕྱལ་ཕྱོལ་ཕྱལ་ཕྱོལ་ན་ཁྱུད་ཁྱུད་དོ། ། 15.ཁྱུད་ཁྱུད་ཁྱུད་ཁྱུད་ན་ཟེར་ཟེར་དོ། ། 16.ཟར་ཟེར་ཟར་ཟེར་ན་ཁྲིབ་ཁྲིབ་བོ། ། 17.ཁྲིབ་ཁྲིབ་ཁྲིབ་ཁྲིབ་ན་ཡ་གངས་སོ། ། 18.ཡ་གངས་ཡ་གངས་ན་ཆོ་མའོ། ། 19.ཆོ་མ་ཆོ་མ་ནི་ཁྲམ་ཁྲིམ་མོ། ། 20.ཁྲམ་ཁྲིམ་ཁྲམ་ཁྲིམ་ན་ནིབ་ནུབ་བོ། ། 21.ནབ་ནུབ་ནབ་ནུབ་ན་སང་སང་ངོ་། ། 22.སང་སང་སང་སོང་ན་བརྒྱུད་ཡས་སོ། ། 23.བརྒྱུད་ཡས་བརྒྱུད་ཡས་ན་གཏང་ཡིས་སོ། ། 24.གཏང་ཡས་གཏང་ཡས་ནི་བཀྲ་ཡར་རོ། ། 25.བཀྲ་ཡར་བཀྲ་ཡར་ན་གསའ་ཡས་སོ། ། 26.གསའ་ཡས་གསའ་ཡས་ན་མཚུངས་མེད་དོ། ། 27.མཚུངས་མེད་མཚུངས་མེད་ན་ལམ་ལུམ་མོ། ། 28.ལམ་ལུམ་ལམ་ལུམ་ན་ཡལ་ཡོལ་ལོ། ། 29.ཡལ་ཡོལ་ཡལ་ཡོལ་ན་ཁྲལ་ཁྲུལ་ལོ། ། 30.ཁྲལ་ཁྲུལ་ཁྲལ་ཁྲུལ་ན་ཐུད་ཐུད་དོ། ། 31.ཐུད་ཐུད་ཐུད་ཐུད་ན་བསམ་ཕྱོད་དོ། ། 32.བསམ་སྤྱོད་བསམ་སྤྱོད་ན་བྲང་བྲེང་ངོ་། ། 33.བྲང་བྲེང་བྲང་བྲེང་ན་བགྲོད་ཡས་སོ། ། 34.བགྲོད་ཡས་བགྲོད་ཡས་ན་བསྔོ་ཡས་སོ། ། 35.བསྔོ་ཡས་བསྔོ་ཡས་ན་ཟང་ཡག་གོ ། 36.ཟང་ཡག་ཟང་ཡག་ན་འཕྲོ་བཀྱེའོ། ། 37.འཕྲོ་བཀྱེ་འཕྲོ་བཀྱེ་ན་ཚེ་འཕྱོའོ། ། 38.རྩེ་འཕྱོ་རྩེ་འཕྱོ་ན་ཡོང་ཏན་ནོ། ། 39.ཡོང་ཏན་ཡོང་ཏན་ན་འབྲུག་གཡོས་སོ། ། 40.འབྲུག་གཡོས་འབྲུག་གཡོས་ན་སང་ཡལ་ལོ། ། 41.སང་ཡལ་སང་ཡལ་ན་ཐིག་ཡུག་གོ ། 42.ཐིག་ཡུག་ཐིག་ཡུག་ན་ཡིད་འཕྱོའོ། ། 43.ཡིད་འཕྱོ་ཡིད་འཕྱོ་ན་ནབ་ནེབ་བོ། ། 44.ནབ་ནེབ་ནབ་ནེབ་ན་ཁྲིག་ཐམས་སོ། ། 45.ཁྲིག་ཐམས་ཁྲིག་ཐམས་ན་ཡལ་ཡལ་ལོ། ། 46.ཡལ་ཡལ་ཡལ་ཡལ་ན་བགྲང་ཡས་སོ། ། 47.བགྲང་ཡས་བགྲང་ཡས་ན་ཐུག་ཡལ་ལོ། ། 48.ཐུག་ཡལ་ཐུག་ཡལ་ན་ཤང་ཤང་ངོ་། ། 49.ཤང་ཤང་ཤང་ཤང་ན་ཡག་ཡག་གོ ། 50.ཡག་ཡག་ཡག་ཡག་ན་ཐམ་ཐིམ་མོ། ། 51.ཐམ་ཐིམ་ཐམ་ཐིམ་ན་རློམ་བསྙལ་ལོ། ། 52.རློམ་བསྙལ་རློམ་བསྙལ་ན་གཞལ་འཕྱོས་སོ། ། 53.གཞལ་འཕྱོས་གཞལ་འཕྱོས་ན་གཞལ་ཡལ་ལོ། ། 54.གཞལ་ཡལ་གཞལ་ཡལ་ན་གཞལ་མེད་དོ། ། 55.གཞལ་མེད་གཞལ་མེད་ན་གཞལ་འཁོར་རོ། ། 56.གཞལ་འཁོར་གཞལ་འཁོར་ན་གཞལ་ཐིམ་མོ། ། 57.གཞལ་ཐིམ་གཞལ་ཐིམ་ན་གར་གཞལ་ལོ། ། 58.གར་གཞལ་གར་གཞལ་ན་གཞལ་སངས་སོ། ། 59.གཞལ་སངས་གཞལ་སངས་ན་གཞལ་ཐག་གོ ། 60.གཞལ་ཐག་གཞལ་ཐགུ་ན་གཞལ་ཕུལ་ལོ། ། 61.གཞལ་ཕུལ་གཞལ་ཕུལ་ན་གཞལ་ཞིའོ། ། 62.གཞལ་ཞི་གཞལ་ཞི་ན་འཕྱོ་འགྱུར་རོ། ། 63.འཕྱོ་འགྱུར་འཕྱོ་འགྱུར་ན་ཉར་ཉེར་རོ། ། 64.ཉར་ཉེར་ཉར་ཉེར་ན་ཕྱག་ཕྱིག་གོ ། 65.ཕྱག་ཕྱིག་ཕྱག་ཕྱིག་ན་ཟལ་ཟུལ་ལོ། ། 66.ཟལ་ཟུལ་ཟལ་ཟུལ་ན་སལ་སལ་ལོ། ། 67.སལ་སལ་སལ་སལ་ན་གཡོ་ལྡེག་གོ ། 68.གཡོ་ལྡེག་གཡོ་ལྡེག་ན་ཕན་ཕུན་ནོ། ། 69.ཕན་ཕུན་ཕན་ཕུན་ན་བརྣང་ཡའོ། ། 70.བརྣང་ཡ་བརྣང་ཡ་ན་རེམ་འདྲོལ་ལོ། ། 71.རེམ་འདྲོལ་རེམ་འདྲོལ་ན་རྫི་ངད་དོ། ། 72.རྫི་ངད་རྫི་ངད་ན་རྫི་རྡུལ་ལོ། ། 73.རྫི་རྡུལ་རྫི་རྡུལ་ན་ཕུན་ཡོལ་ལོ། ། 74.ཕུན་ཡོལ་ཕུན་ཡོལ་ན་ངད་ངད་དོ། ། 75.ངད་ངད་ངད་ངད་ན་བགྲང་བརྩིའོ། ། 76.བགྲང་བརྩི་བགྲང་བརྩི་ན་ཟབ་བགྲང་ངོ་། ། 77.ཟབ་བགྲང་ཟབ་བགྲང་ན་དགའ་རྐྱང་ངོ་། ། 78.དགའ་རྐྱང་དགའ་རྐྱང་ན་གཞུང་འདལ་ལོ། ། 79.གཞུང་འདལ་གཞུང་འདལ་ན་ཁྲུག་ཕྱད་དོ། ། 80.ཁྲུག་ཕྱད་ཁྲུག་ཕྱིད་ན་འོལ་སྤྱོད་དོ། ། 81.འོལ་ཕྱོད་འོལ་ཕྱོད་ན་གདབ་ཡས་སོ། ། 82.གདབ་ཡས་གདབ་ཡས་ན་གཅལ་ཡས་སོ། ། 83.གཅལ་ཡས་གཅལ་ཡས་ན་བགྲང་ཡས་སོ། ། 84.བགྲང་ཡས་བགྲོང་ཡས་ན་བྱིམ་འཕྱོའོ། ། 85.བྱིམ་འཕྱོ་བྱིམ་འཕྱོ་ན་ཡམ་མེའོ། ། 86.ཡམ་མེ་ཡམ་མེ་ན་བསྙལ་ཡས་སོ། ། 87.བསྙལ་ཡས་བསྙལ་ཡས་ན་ལྡབ་ལྡེབ་བོ། ། 88.ལྡབ་ལྡེབ་ལྡབ་ལྡེབ་ན་འཕན་ཆད་དོ། ། 89.འཕན་ཆད་འཕན་ཆད་ན་ཕང་ཕུང་ངོ་། ། 90.ཕང་ཕུང་ཕང་ཕུང་ན་ཁེའུ་ཚང་ངོ་། ། 91.ཁེའུ་ཚང་ཁེའུ་ཚང་ན་ཞུང་ཟུང་ངོ་། ། 92.ཞུང་ཟུང་ཞུང་ཟུང་ན་མཆོག་ཡལ་ལོ། ། 93.མཆོག་ཡལ་མཆོག་ཡལ་ན་མིཐའ་རྡུལ་ལོ། ། 94.མཐའ་རྡུལ་མཐའ་རྡུལ་ན་ཡུན་འགྱངས་སོ། ། 95.ཡུན་འགྱངས་ཡུན་འགྱངས་ན་བུན་ལོབ་བོ། ། 96.བུན་ལོབ་བུན་ལོབ་ན་ལམ་ལོམ་མོ། ། 97.ལམ་ལོམ་ལམ་ལོམ་ན་བསྙད་ཡས་སོ། ། 98.བསྙད་ཡས་བསྙད་ཡས་ན་ལང་ལིང་ངོ་། ། 99.ལང་ལིང་ལང་ལིང་ན་ལྗབ་ལྗིབ་བོ། ། 100.ལྗབ་ལྗིབ་ལྗབ་ལྗིབ་ན་མི་བརྩལ་ལོ། ། 101.མི་བརྩེལ་མི་བརྩལ་ན་འབྱམས་ཡས་སོ། ། 102.འབྱམས་ཡས་འབྱམས་ཡས་ན་ང་འགྲང་ངོ་། ། 103.ང་འགྲང་ང་འགྲང་ན་སྨྱོས་ཡལ་ལོ། ། 104.སྨོས་ཡལ་སྨོས་ཡལ་ན་བཀྲ་ཆལ་ལོ། ། 105.བཀྲ་ཚལ་བཀྲ་ཆལ་ན་ལོ་རྒྱས་སོ། ། 106.ལོ་རྒྱས་ལོ་རྒྱས་ན་འབུམ་རྡིབ་བོ། ། 107.འབུམ་རྡིབ་འབུམ་སྡིབ་ན་གམ་གུམ་མོ། ། 108.གམ་གུམ་གམ་གུམ་ན་ལ་ལོའོ། ། 109.ལ་ལོ་ལ་ལོ་ན་བགྲང་འབྱོས་སོ། ། 110.བགྲང་འབྱོས་བགྲང་འབྱོས་ན་བགྲང་འཕྱོས་ལ་བསྒྲེས་པའོ། ། 111.བགྲང་འཕྱོས་ལ་བསྒྲེས་པ་བགྲང་འཕྱོས་ལ་བསྒྲེས་པ་ན་དཔག་ཡས་སོ། ། 112.དཔག་ཡས་དཔག་ཡས་ན་དཔག་ཡས་ལ་བསྒྲེས་པའོ། ། 113.དཔག་ཡས་ལ་བསྒྲེས་པ་དཔག་ཡས་ལ་བསྒྲེས་པ་ན་ཡལ་ཕྱོང་ངོ་། ། 114.ཡལ་ཕྱོང་ཡལ་ཕྱོང་ན་ཡལ་ཕྱོང་ལ་བསྒྲེས་པའོ། ། 115.ཡལ་ཕྱོང་ལ་བསྒྲེས་པ་ཡལ་ཕྱོང་ལ་བསྒྲེས་ན་མུ་ཡལ་ལོ། ། 116.མུ་ཡལ་མུ་ཡལ་ན་མུ་ཡལ་བསྒྲེས་པའོ། ། 117.མུ་ཡལ་ལ་བསྒྲེས་པ་མུ་ཡལ་ལ་བསྒྲེས་ན་བགྲང་ཡོལ་ལོ། ། 118.བགྲང་ཡོལ་བགྲང་ཡོལ་ན་བགྲང་ཡོལ་ལ་བསྒྲེས་པའོ། ། 119.བགྲང་ཡོལ་ལ་བསྒྲེས་པ་བགྲང་ཡོལ་ལ་བསྒྲེས་པ་མི་འཇལ་ལོ། ། 120.མི་འཇལ་མི་འཇལ་ན་མི་འཇལ་ལ་བསྒྲེས་པའོ། ། 121.མི་འཇལ་ལ་བསྒྲེས་པ་མི་འཇལ་ལ་བསྒྲེས་པ་བསམ་ཕྱོས་སོ། ། 122.བསམ་ཕྱོས་བསམ་ཕྱོས་ན་བསམ་ཕྱོས་ལ་བསྒྲེས་པའོ། ། 123.བསམ་ཕྱོས་ལ་བསྒྲེས་པ་བསམ་ཕྱོས་ལ་བསྒྲེས་ན་མཐའ་འབྱམས་སོ། ། 124.མཐའ་འབྱམས་མཐའི་འབྱམས་ན་དཔག་ཐག་གོ 125.དཔག་ཐག་དཔག་ཐག་ན་དཔག་ཐག་ལ་བསྒྲེས་པའོ། ། 126.དཔག་ཐག་ལ་བསྒྲེས་པ་དཔག་ཐག་ལ་བསྒྲེས་ན་བརྗོད་དུ་མེད་པའོ། ། 127.བརྗོད་དུ་མེད་པ་བརྗོད་དུ་མེད་པ་ན་བརྗོད་དུ་མེད་པ་ལ་བསྒྲེས་པའོ། ། 128.བརྗོད་དུ་མེད་པ་ལ་བསྒྲེས་པ་བརྗོད་དུ་མེད་པ་ལ་བསྒྲེས་ན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་ཤིན་ཏུ་བསྟན་པའོ། ། (བརྩི་ཚུལ་འདི་དང་ཕལ་ཆེན་ཅ་པ་སྡོང་པོས་བརྒྱན་པའི་ལེའུའི་ནང་བསྟན་པ་དང་མཚུངས་པ་སྐབས་འདིར་གསལ་བཤད་ཙམ་དུ་ཞུས་པ་ལགས་སོ། །) |
Tibetan Source | 《ཕལ་ཆེན་ག་པ་》ཤ་371ན་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |