11488

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སངས་རྒྱས་ཀྱི་མ་འདྲེས་པ་སུམ་བརྒྱ།
Tibetan Alternate
Tibetan Definition དེ་ཡང་། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས་བྱུང་བ་དེ་བཞིན་གཤེགས་པའི་ས་བཅུ་པའི་མདོ་ལས་ལུང་དྲངས་པ་ལས་བྱུང་བ་སྟེ།

1.སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་བཅུ། 2.སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པ་བཅུ། 3.སངས་རྒྱས་རྣམས་ཀྱི་དུས་ལས་མི་འདའ་བ་བཅུ། 4.སངས་རྒྱས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བཅུ། 5.སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་མངོན་པར་སྒྲུབ་པའི་ཡེ་ཤེས་བཅུ། 6.གཞལ་དུ་མེད་པའི་ཁོངས་སུ་གཏོགས་པ་ཉིད་བཅུ། 7.ཤེས་རབ་འཆལ་བས་བསྙེན་པར་དཀའ་བ་ཆེ་ཞིང་རྒྱས་པའི་ཆོས་བཅུ། 8.བདག་ཉིད་ཆེ་བ་ཉིད་བཅུ། 9.ཤིན་ཏུ་རྣམ་པར་དག་པ་བཅུ། 10.སངས་རྒྱས་རྣམས་ཀྱི་མཛད་པ་བཅུ། 11.ཡེ་ཤེས་རྒྱ་མཚོའི་རིགས་པ་བཅུ། 12.སངས་རྒྱས་ཀྱི་འདྲེན་པ་བཅུ། 13.སངས་རྒྱས་ཀྱི་ཆོས་བསྟན་པའི་སྒོ་མཐའ་ཡས་པ་བཅུ། 14.སངས་རྒྱས་ཀྱི་སྙིང་པོའི་ཆོས་བཅུ། 15.སངས་རྒྱས་རྣམས་ཀྱི་མ་ཆགས་པར་གནས་པ་བཅུ། 16.སངས་རྒྱས་རྣམས་ཀྱི་རྒྱན་བཅུ། 17.སངས་རྒྱས་རྣམས་ཀྱི་དབང་ཕྱུག་ལ་དབང་བ་བཅུ། 18.སངས་རྒྱས་རྣམས་ཀྱི་ཡོངས་སུ་རྫོགས་པར་མཛད་པ་བཅུ། 19.སངས་རྒྱས་རྣམས་ཀྱི་ཐབས་ལ་མཁས་པ་བཅུ། 20.སངས་རྒྱས་རྣམས་ཀྱི་དགོངས་པ་བཅུ། 21.སངས་རྒྱས་རྣམས་ཀྱི་སྟོབས་བཅུ། 22.ཆོས་ཀྱིས་ཕྱུག་པའི་ཆོས་བཅུ། 23.དེ་བཞིན་གཤེགས་པའི་གནས་པ་བཅུ། 24.ཆོས་ཐམས་ཅད་མ་ལུས་པ་མཁྱེན་པ་ཉིད་བཅུ། 25.ཐམས་ཅད་མཁྱེན་པའི་གནས་པ་བཅུ། 26.དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་རྣམ་པར་དག་པ་བཅུ། 27.དེ་བཞིན་གཤེགས་པ་མྱུར་དུ་མཐོང་བའི་ཆོས་བཅུ། 28.སངས་རྒྱས་ཀྱི་ཏིང་ངེ་འཛིན་བཅུ། 29.དེ་བཞིན་གཤེགས་པ་རྣམ་པར་གཞག་པ་བཅུ། 30.སངས་རྒྱས་ཀྱི་རྣམ་པར་ཐར་པ་བཅུ་བཅས་སོ། ། (སངས་རྒྱས་ཀྱི་ཆོས་བཅུ་ཚན་སོ་སོའི་ནང་དོན་ཞིབ་ཆ་གཟིགས་འདོད་ན་བཅུ་ཚན་ཁག་ནང་གསལ་བ་དགོངས་འཇགས་འཚལ།)

Tibetan Source 《བསྟན་འགྱུར་དབུ་མ་ཛ་པ་》ཤ་144ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number