11496

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མུ་སྟེགས་པའི་ལྟ་བ་སུམ་བརྒྱ་དྲུག་ཅུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གསུམ་འཇིག་རྟེན་པའི་ཐེག་པ་ལས་བྱུང་བ་སྟེ། ལོ་མ་ཅན་ལ་སོགས་པའི་སྟོན་པ་བརྒྱ་ཉི་ཤུ་ཉིད་སྔར་ཡང་བྱུང་། ད་ལྟར་ཡང་བྱུང་། ཕྱིས་ཀྱང་འབྱུང་བའི་ཆའི་གྲངས་བརྒྱ་ཉི་ཤུ་པ་གསུམ་གཅིག་ཏུ་བསྡོམས་པས་སུམ་བརྒྱ་དྲུག་ཅུ་སྟེ། དེ་དག་གི་ལམ་གྱིས་ཐར་པ་ནམ་ཡང་མི་ཐོབ་པ་ཉིད་དེ་རྟག་ཆོད་ཀྱི་ཆུ་བོར་བྱིང་བའི་ཕྱིར་རོ། ། སྟོན་པ་དེ་དག་གི་མིང་གང་ཞེ་ན། །

1.རྒྱལ་དཔོག་པ། 2.འཇིག་རྟེན་མེད་པ། 3.འཚོ་བ་པ། 4.ལོ་མ་ཅན། 5.གཙང་སྦྲ་ཅན། 6.ཁྱབ་འཇུག 7.ཁྱབ་འཇུག་སེམས་དཔའ། 8.དབྱུག་གུ་གསུམ་པ། 9.ཀོ་པགས་ཅན། 10.མཉམ་པོར་སྤྱོད་པ་ཞེས་བྱ་བ་བཅུ་ལ་སོགས་པའོ། །

Tibetan Source 《མདོ་རྒྱུད་མཛོད་ཀི་པ་》ཤ་695.15ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number