11504

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྒོམ་སྤང་བཞི་བརྒྱ་བཅུ་བཞི།
Tibetan Alternate
Tibetan Definition དེ་ཡང་། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བའི་སྒྲོན་མེ་ལས་བྱུང་བ་སྟེ།

1.འདོད་ཁམས་ན་སྒོམ་སྤང་གི་རྩ་བ་དྲུག་སྟེ། (1)འདོད་ཆགས། (2)ཁོང་ཁྲོ། (3)ང་རྒྱལ། (4)མ་རིག་པ། (5)འཇིག་ཚོགས་ལ་ལྟ་བ། (6)མཐར་འཛིན་པའི་ལྟ་བ་དང་དྲུག 2.བསམ་གཏན་བཞི་རེ་རེ་ན་ཁོང་ཁྲོ་ཕུད་པའི་ལྔ་ལྔ་སྟེ་ཉི་ཤུ། 3.གཟུགས་མེད་བཞི་རེ་རེ་ནའང་གོང་དང་མཚུངས་པ་ཉི་ཤུ། 4.དེ་དག་ས་ཆེ་འབྲིང་གི་དབྱེ་བ་དགུ་བཅས་སོ། ། ས་ཆེ་འབྲིང་ནི་འདོད་པའི་འདོད་ཆགས་ལྟ་བུ་ལའང་ཆེན་པོའི་ཆེན་པོ། ཆེན་པོའི་འབྲིང་པོ། ཆེན་པོའི་ཆུང་ངུ་། དེ་དང་མཚུངས་པ་འབྲིང་པོ་དང་ཆུང་ངུ་ལ་ཡང་རིགས་འགྲེ་བས་ས་ཆེ་འབྲིང་ཆུང་བ།སུམ་གྱི་དབྱེ་བ་དགུའོ། །

Tibetan Source 《སྔ་འགྱུར་བཀའ་མའི་》གླེགས་བམ་ཞི་པ་ཤ་168ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number