11513
Tibetan | ཀླ་ཀློའི་གནས་ཚད་སྟོང་དང་བརྒྱད་བརྒྱ། |
---|---|
Tibetan Alternate | |
Tibetan Definition | 1.ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་ཉི་མ།
2.སྣ་ཚོགས་གཟུགས། 3.ཟླ་བའི་འོད། 4.མཐའ་ཡས། 5.ས་སྐྱོང་། 6.དཔལ་སྐྱོང་། 7.སེང་གེ། 8.རྣམ་གནོན། 9.སྟོབས་པོ་ཆེ། 10.མ་འགག་པ། 11.མིའི་སེང་གེ། 12.དབང་ཕྱུག་ཆེན་པོ། 13.མཐའ་ཡས་རྣམ་རྒྱལ། 14.དྲག་པོ་འཁོར་ལོ་ཅན་གྱི་བར་རིགས་ལྡན་གྱི་རྒྱལ་པོ་རེར་ཆ་སྙོམས་ལོ་བརྒྱ་རེ་ཆོས་གསུངས་པའི་ལོ་གྲངས་ཆིག་སྟོང་བཞི་བརྒྱ་ཡོད་པ་དེའི་ཐོག་ཕུག་ལུགས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་1504སོང་བ་ཤིང་སྤྲེལ་(624)ལོར་མཱ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ཐོག་མར་སྤེལ་བ་ནས་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློའི་དམག་དཔུང་ཚར་བཅད་པའི་བར་ལོ་གྲངས་བཞི་བརྒྱ་བཅུ་མེད་གསུམ་ཡོད་པ་དེ་ལ་ཟེར། འདི་ལ་ལོ་གསུམ་ལྷག་མ་ཡོད་པ་ནི་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློའི་དཔུང་ཚོགས་བཅོམ་པའི་འགོ་ཚུགས་པ་ནས་ཡོངས་སུ་ཚར་བཅད་པའི་བར་གྱི་དུས་ཚོད་ལ་ལོ་གསུམ་ཡོད་པས་སྐྱོན་མེད་ཅེས་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་《རྩིས་གཞུང་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ》ལས་གསལ། |
Tibetan Source | 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་114.9ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |