1238
Jump to navigation
Jump to search
| Tibetan | ཉོན་མོངས་པ་རྣམ་པ་གསུམ། |
|---|---|
| Tibetan Alternate | |
| Tibetan Definition | འདི་ལ་ཁག་ལྔ་ཡོད་པ་སྟེ། རང་ཉིད་ཀྱང་ཉོན་མོངས་པ་ཡིན་ལ། རྒྱུ་དེ་ལས་སྐྱེས་པ་ཡང་ཉོན་མོངས་པར་འགྱུར་བས་སྟེ།
1.རྟེན་འབྲེལ་བཅུ་གཉིས་ལས་མ་རིག་པ་དང་། སྲེད་པ་དང་། ལེན་པ་དང་གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའོ། ། 2.འདུ་བྱེད་དང་། སྲིད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའོ། ། 3.རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་བདུན་ནི་ཚེའི་ཀུན་ནས་ཉོན་མོངས་པ་སྟེ། སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་དང་འབྲས་བུ་ནི་འཁོར་བ་ཞེས་བྱ་བའོ། ། |
| Tibetan Source | 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ཤ་ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |