124
Jump to navigation
Jump to search
Tibetan | དགེ་སློང་གི་མཐུན་པར་གནས་པ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདུལ་བ་གཞི་ལས་བྱུང་བ་སྟེ།
1.གང་ཞིག་བདག་ཉིད་ཀྱིས་བདག་ཉིད་མཐུན་པའི་གནས་སུ་བཞག་པ་ནི། དགེ་སློང་རྣམས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ཞིང་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་ན། ཆེད་དུ་བསམ་སྟེ། ཆོས་མ་ཡིན་པའི་ཕྱོགས་ནས་ཆོས་ཀྱི་ཕྱོགས་སུ་འགྲོ་བ་སྟེ། འདི་ནི། བདག་ཉིད་ཀྱིས་བདག་ཉིད་མཐུན་པའི་གནས་སུ་བཞག་པ་ཡིན་ནོ། ། 2.གང་ཞིག་དགེ་འདུན་གྱིས་ཆོས་ཀྱིས་བཞག་པ་ནི། དགེ་འདུན་གྱིས་མ་མཐོང་བས་གནས་ནས་འབྱིན་པ་དང་། ཕྱིར་མི་བྱེད་པ་དང་། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བ་དང་གནས་ནས་འབྱིན་པ་ནི། དགེ་འདུན་གྱིས་ཆོས་ཀྱིས་བཞག་པ་ཡིན་ནོ། ། |
Tibetan Source | 《འདུལ་བ་ཁ་པ་》ཤ་188ན་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |