1269
| Tibetan | བསྙེན་རྫོགས་ཀྱི་སྦྱོར་དངོས་མཇུག་གསུམ། |
|---|---|
| Tibetan Alternate | |
| Tibetan Definition | 1.སྦྱོར་བ་ནི། དེ་ལ་ཁྱད་པར་བརྒྱད་དེ།
(1)མཁན་པོས་ལས་བྱེད་པ་སོགས་ལ་གསོལ་བ། (2)བསྒྲུབ་བྱས་མཁན་པོར་གསོལ་བ། (3)ཆོས་གོས་སོགས་བྱིན་གྱིས་བརླབས་ནས་སྟེར་བ། (4)ལྟུང་བ་བྱིན་བརླབས་དང་གནས་ལ་བློ་མཐུན་བགྱི་བ། (5)བཀར་ནས་གསང་སྟོན་གསོལ་བའི་ལས་ཀྱིས་བསྐོ་བ། (6)གསང་སྟོན་གྱིས་ལྐོག་ཏུ་བར་ཆད་དྲིས་ཤིང་ནང་དུ་འོངས་ནས་ཞུ་བ། (7)ལས་བྱེད་པས་བརྡ་སྤྲད་ནས་དགེ་འདུན་ལ་གསོལ་བ། (8)བར་ཆད་འདྲི་བའི་གསོལ་བ་བྱས་ནས་བར་ཆད་འདྲི་བའོ། ། 2.དངོས་གཞི་ནི། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། ། 3.མཇུག་ལ་གཉིས་ཏེ། (1)དུས་གོ་བརྗོད་པ་ནི། དུས་གོ་བརྗོད་ལུགས་ནི་རབ་ལོ་བྱི་བ་ནས་ཕག་ལོའི་བར། ཟླ་བ་མགོ་ཟླ་བ་ནས་སྨིན་དྲུག་ཟླ་བའི་བར། ཞག་ཀྱང་ཉིན་མཚན་གཉིས་ལས་ཉིན་མོ། ཉིན་ཡང་སྔ་དྲོ། གུང་། ཕྱི་དྲོ། ཐ་མ་གྲིབ་ཚོད་ཐུར་མ་སོར་བཞི་པས་ཉི་མའི་གྲིབ་ཚོད་གཞལ་ནས་དེ་གང་ལ་སྐྱེས་བུ་ཟེར། ཐུར་མ་སོར་གཅིག་ལ་དེ་ལྟར་ཕྱེད་པ་རྐང་པ་གཅིག་ཟེར་རོ། ། མཚན་མོ་ཡིན་ན་སྐར་ཁོང་ལ་དཔག་སྟེ་དུས་གོ་བརྗོད་པའོ། ། (2)གདམས་ངག་བརྗོད་པ་ལ་བཅུ་གཅིག་སྟེ། [1]བསླབ་བྱའི་གཙོ་བོ་དངོས་སུ་བརྗོད་པ་ལ་བརྟེན་བྱ་འཚོ་བ་ལ་གདམས་པ། [2]བསྲུང་བྱ་ཚུལ་ཁྲིམས་ལ་གདམས་པ། [3]ཉམས་ལེན་སྤྱོད་པ་ལ་གདམས་པ་འདི་ཡི་ནང་དུ་གདམས་ངག་བཅུ་གཅིག་གི་གྲངས་ཕན་ལྔ་ཡོད། [4]རྟོག་པ་ལྟ་བ་གདམས་པ། [5]གོང་གི་ས་བཅད་གཉིས་པ་དངོས་སུ་མ་བརྗོད་པ་རྣམས་ཡང་དག་པར་བླངས་པ་ལ་བསླབ་པ། [6]ཡང་གོང་གི་ས་བཅད་དང་པོའི་གཉིས་པ་དེ་ལ་བསླབ་ཚུལ་བརྗོད་པ་གཉིས་ཁྱད་དུ་གསོད་པའི་གཉེན་པོར་གུས་པར་བྱ་བ། [7]བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་གདམས་པ་དང་བཅུ་གཅིག་གོ། |
| Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་340.3ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |