1334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསྟན་བཅོས་འཁོར་ལོ་གསུམ་གྱི་ལྟ་སྤྱོད་ཐ་དད་ཀྱི་དབྱེ་བ་གསུམ།
Tibetan Alternate
Tibetan Definition དེ་ཡང་།

1.འཁོར་ལོ་དང་པོའི་ལྟ་བའི་ཆ་འགྲེལ་པ་ལ། ཉན་ཐོས་ཀྱི་མངོན་པ་སྡེ་བདུན། བྱེ་བྲག་བཤད་མཛོད་ཆེན་མོ། དེ་དག་གི་དོན་བསྡུས་མངོན་པ་མཛོད་ལ་སོགས་པའོ། ། སྤྱོད་པའི་ཆ་འགྲེལ་པ་ལ་འདུལ་བ་མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད་ལ་སོགས་པའོ། ། 2.འཁོར་ལོ་བར་པའི་ལྟ་བའི་ཆ་འགྲེལ་པ་ལ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བྱེད་པ་དབུ་མ་རིགས་ཚོགས་དྲུག་སོགས་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པ་མངོན་རྟོགས་རྒྱན་སོགས་སོ། ། སྤྱོད་པའི་ཆ་འགྲེལ་པ་ལ་བསླབ་པ་ཀུན་ལས་བཏུས་སོགས་དང་། ལྟ་སྤྱོད་གཉིས་ཆར་གྱི་འགྲེལ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་སོ། ། 3.འཁོར་ལོ་ཐ་མའི་ལྟ་བའི་ཆ་འགྲེལ་པ་ལ། མདོ་སྡེ་རྒྱན་དང་རྣམ་འབྱེད་གཉིས། རྒྱུད་བླ་སོགས་སོ། ། སྤྱོད་པའི་ཆ་འགྲེལ་པ་ལ་སྡོམ་པ་ཉི་ཤུ་པ་སོགས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་353.12ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number