1368

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་པ་གསུམ།
Tibetan Alternate
Tibetan Definition དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས་བྱུང་བ་ཁག་གཅིག་སྟེ།

1.དགེ་བའི་བཤེས་གཉེན་ལ་ལྟོས་ནས་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་དང་བཞི་ལ་གཅིག་ཅིང་རྣམ་པ་བཞི་བཞི་ལྟར་ཤེས་པའི་སྒོ་ནས་གང་ཟག་ལ་བདག་མེད་པར་རྟོགས་ཏེ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཉན་ཐོས་ཀྱི་ཐེག་པའོ། ། 2.དགེ་བའི་བཤེས་གཉེན་ལ་མ་བརྟེན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ལུགས་ལས་བཟློག་པའི་མཚན་ཉིད་རྟོགས་ནས་གང་ཟག་ལ་བདག་མེད་པར་རྟོགས་ཏེ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་སངས་རྒྱས་ཀྱི་ཐེག་པའོ། ། 3.ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་རིམ་གྱིས་བསྒྲུབ་ཅིང་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་སྤོང་བ་ནི་ཐེག་པ་ཆེན་པོས་མངོན་པར་འབྱུང་བ་ཞེས་བྱའོ། ། དེ་དག་གི་ཁྱད་པར་ལྔ་ནི་ལྔ་ཚན་ཁོངས་སུ་བཀོད་ཡོད། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ཤ་ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number