1417

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཀུན་ཏུ་སྟོན་པ་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.དེ་བཞིན་གཤེགས་པ་དེ་གང་མངོན་དུ་བྱས་ནས་གདུལ་བྱ་རྣམས་རབ་ཏུ་དང་བ་སྐྱེད་པར་བྱེད་པ་སྟེ། ལྟེང་རྒྱས་འོད་སྲུང་ལ་སོགས་པ་བཞིན་དུ་གདུལ་བྱ་རྣམས་འཇུག་ པར་བྱེད་པ་དེ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། ། 2.གང་གིས་དགེ་བའི་རྩ་བ་རྒྱས་པར་བྱས་པ་ལས་སུ་རུང་བ་སྐྱེད་པ་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། ། 3.གང་རང་གི་གདམས་པའི་སྟོབས་ལས་འཕགས་པའི་ལམ་སྐྱེད་པ་ཁམས་གསུམ་གྱི་གདུལ་བྱ་རྣམས་གྲོལ་བར་བྱེད་པ། འོད་ཟེར་སྤྲོ་བ་ལ་སོགས་པས་སྡུག་བསྔལ་ཉེ་བར་ཞི་བས་སྔོན་གྱི་དགེ་བའི་རྩ་བ་དྲན་པས་བདེ་འགྲོ་ལ་རབ་ཏུ་གནས་པར་བྱེད་པ་དེ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་309ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number