1422

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དེ་བཞིན་གཤེགས་པའི་གསུང་བརྗོད་པ་གསུམ།
Tibetan Alternate
Tibetan Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་ཁག་གཅིག་སྟེ།

1.མདོ་སྡེ་བརྗོད་པ་ནི། དངོས་པོ་བཞིའམ། དགུའམ། ཉི་ཤུ་རྩ་དགུའི་དབང་དུ་བྱས་ནས། ཆོས་རྣམས་ཀྱི་དངོས་པོའི་བསྡུ་བ་ཙམ་ངས་གོང་དུ་བསྟན་པ་དེ་ནི་མདོ་སྡེ་ཡིན་ནོ། ། (1)དངོས་པོ་བཞི་ནི། [1]ཐོས་པའི་དངོས་པོ། [2]སྐྱབས་སུ་འགྲོ་བའི་དངོས་པོ། [3]བསླབ་པའི་དངོས་པོ། [4]བྱང་ཆུབ་ཀྱི་དངོས་པོའོ། ། (2)དངོས་པོ་དགུ་ནི། [1]སེམས་ཅན་དུ་གདགས་པའི་དངོས་པོ། [2]དེའི་ལོངས་སྤྱོད་ཀྱི་དངོས་པོ། [3]དེ་འབྱུང་བའི་དངོས་པོ། [4]དེ་འབྱུང་བ་ལ་གནས་པའི་དངོས་པོ། [5]དེའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ། [6]དེའི་སྣ་ཚོགས་ཀྱི་དངོས་པོ། [7]སྟོན་པའི་དངོས་པོ། [8]བསྟན་པར་བྱ་བའི་དངོས་པོ། [9]འཁོར་གྱི་དངོས་པོའོ། ། (3)དངོས་པོ་ཉི་ཤུ་རྩ་དགུ་ནི། ཀུན་ནས་ཉོན་མོངས་པའི་ཕྱོགས་ནས་བརྩམས་ཏེ། [1]འདུ་བྱེད་ཀྱི་བསྡུ་བའི་དངོས་པོ། [2]དེའི་གོ་རིམ་རྗེས་སུ་འཇུག་པའི་དངོས་པོ། [3]དེ་དག་ཉིད་ལ་གང་ཟག་གི་མིང་དུ་བྱས་ནས། ཕྱི་མར་འབྱུང་བའི་དངོས་པོ། ། [4]ཆོས་ཀྱི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ། [5]རྣམ་པར་བྱུང་བའི་ཕྱོགས་ལས་བརྩམས་ཏེ། དམིགས་པ་ལ་ཉེ་བར་གཏོད་པའི་དངོས་པོ། [6]དེ་ཉིད་ལ་རྩོལ་བའི་དངོས་པོ། [7]སེམས་གནས་པའི་དངོས་པོ། [8]ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ། [9]སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་པའི་དམིགས་པའི་ཐབས་ཀྱི་དངོས་པོ། ། [10]དེ་ཡོངས་སུ་ཤེས་པའི་དངོས་པོ་ནི་ཕྱིན་ཅི་ལོག་ཡོངས་སུ་ཤེས་པའི་གནས་དང་། སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ། ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པ་ཡོངས་སུ་ཤེས་པའི་གནས་དང་། ནང་ལ་མངོན་པའི་ང་རྒྱལ་མེད་པ་ཡོངས་སུ་ཤེས་པའི་གནས་ཀྱིས་ས་དེ་ཡང་རྣམ་པ་གསུམ། [11]སྒོམ་པའི་གནས་ཀྱི་དངོས་པོ། [12]མངོན་དུ་བྱ་བའི་དངོས་པོ། [13]བསྒོམས་པའི་དངོས་པོ། [14]དེ་སྙིང་པོར་བྱ་བའི་དངོས་པོ། [15]དེའི་རྣམ་པའི་དངོས་པོ། [16]དེའི་དམིགས་པའི་དངོས་པོ། [17]སྤངས་པ་ལ་མཁས་པའི་དངོས་པོ། [18]མ་སྤངས་པ་སྤྱོད་པ་ལ་མཁས་པའི་དངོས་པོ། [19]དེ་ལས་རྣམ་པར་མི་གཡེང་བའི་དངོས་པོ། [20]རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ། [21]བསྒོམ་པ་ལ་ཡོངས་སུ་སྐྱོ་བའི་སྦྱོར་བ་བསལ་བའི་དངོས་པོ། [22]བསྒོམ་པའི་ཕན་ཡོན་གྱི་དངོས་པོ། [23]དེ་བརྟེན་པའི་དངོས་པོ། [24]འཕགས་པའི་དབང་ཕྱུག་བསྡུ་བའི་དངོས་པོ། [25]འཕགས་པའི་ཕྱོགས་དང་གཡོག་འཁོར་བསྡུ་བའི་དངོས་པོ། [26]དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ། [27]མྱ་ངན་ལས་འདས་པའི་ཡང་དག་པར་ཐོབ་པའི་དངོས་པོ། [28]ལེགས་པར་གསུངས་པའི་ཆོས་འདུལ་བ་ལ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་དག་ལས་སྤྱི་བོར་གྱུར་པ་ཉིད་ཀྱི་དངོས་པོ། [29]དེ་མི་བསྒོམ་པས་ཡོངས་སུ་ཉམས་པའི་དངོས་པོའོ། ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་མི་བསྒོམ་པས་ཡོངས་སུ་ཉམས་པར་འགྱུར་ཞིང་། ལྟ་བའི་ཉེས་པས་ནི་མ་ཡིན་ནོ། ། 2.འདུལ་བ་བརྗོད་པ་ནི། གང་དུ་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པའམ། སོ་སོར་ཐར་པ་དང་ལྡན་པ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་འདུལ་བའི་དངོས་པོ་ཡིན་ནོ། ། (1)སོ་སོར་ཐར་པ་རྣམ་བདུན་ནི། [1]ཡང་དག་པར་བླངས་པའི་ཆོ་ག་བསྟན་པ། [2]ཕམ་པའི་གནས་ལྟ་བུའི་དངོས་པོ་བསྟན་པ། [3]ལྟུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པ། [4]ལྟུང་བའི་ངོ་བོ་ཉིད་བསྟན་པ། [5]ལྟུང་བ་མ་ཡིན་པའི་ངོ་བོ་ཉིད་བསྟན་པ། [6]ལྟུང་བ་ལས་འབྱུང་བ་བསྟན་པ། [7]སྡོམ་པ་གཏོང་བ་བསྟན་པའོ། ། 3.མ་མོ་བརྗོད་པ་ནི། མཚན་ཉིད་རྣམ་པ་བཅུ་གཅིག་དང་། རྣམ་པར་ཕྱེ་བ་དང་། བསྟན་པ་གང་ཡིན་པ་དེ་ནི་མ་མོ་ཞེས་བྱ་བའོ། ། འདི་ལས་མཚན་ཉིད་རྣམ་པ་བཅུ་གཅིག་ནི། [1]ཀུན་རྫོབ་ཀྱི་མཚན་ཉིད། [2]དོན་དམ་པའི་མཚན་ཉིད། [3]བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་དམིགས་པའི་མཚན་ཉིད། [4]རྣམ་པའི་མཚན་ཉིད། [5]ངོ་བོ་ཉིད་ཀྱི་མཚན་ཉིད། [6]དེའི་འབྲས་བུའི་མཚན་ཉིད། [7]དེ་རོ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད། [8]དེའི་བར་དུ་གཅོད་པའི་མཚན་ཉིད། [9]དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད། [10]དེའི་ཉེས་དམིགས་ཀྱི་མཚན་ཉིད། [11]དེའི་ཕན་ཡོན་གྱི་མཚན་ཉིད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་91བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number