1425
Jump to navigation
Jump to search
Tibetan | དོན་སོ་སོ་ཡང་དག་པར་རིག་པར་བྱ་བའི་དོན་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ།
1.ཚིག་འབྲུའི་དོན་ནི། མིང་གི་ཚོགས་ལ་སོགས་པ་ཡིན་པར་བལྟ་བར་བྱའོ། ། 2.དོན་གྱི་དོན་ནི། རྣམ་པ་བཅུར་རིག་པར་བྱ་སྟེ། (1)དེ་ཁོ་ནའི་མཚན་ཉིད། (2)ཡོངས་སུ་ཤེས་པའི་མཚན་ཉིད། (3)སྤང་བའི་མཚན་ཉིད། (4)མངོན་དུ་བྱ་བའི་མཚན་ཉིད། (5)བསྒོམ་པའི་མཚན་ཉིད། (6)དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་དེདག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད། (7)གནས་དང་གནས་པར་འབྲེལ་བའི་མཚན་ཉིད། (8)ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད། (9)རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད། (10)ཡོངས་སུ་ཤེས་པ་ལ་སོགས་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་ཉེས་དམིགས་དང་། ཕན་ཡོན་གྱི་མཚན་ཉིད་དོ། ། 3.ཁམས་ཀྱི་དོན་ནི་ཁམས་ལྔ་སྟེ། (1)འཇིག་རྟེན་གྱི་ཁམས། (2)སེམས་ཅན་གྱི་ཁམས། (3)ཆོས་ཀྱི་ཁམས། (4)འདུལ་བའི་ཁམས། (5)འདུལ་བའི་ཐབས་ཀྱི་ཁམས་སོ། ། དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ། ། |
Tibetan Source | 《མདོ་ཅ་པ་》ཤ་50ན་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |