143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུ་སྐར་གང་ལ་བྱ་བ་གང་བྱས་ན་བཟང་བ་ཁག་གཉིས།
Tibetan Alternate
Tibetan Definition དེ་ཡང་། སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་སྟེ།

1.རྒྱུ་སྐར་བཞི་པོ་འདི་དག་ནི་བདེ་བར་བྱེད་པ་སྟེ། རྒྱལ་དང་། མེ་བཞི་དང་། བྱི་བཞིན་དང་། ཐ་སྐར་སྟེ། ལས་བྱ་བ་ལ་མྱུར་ཞིང་ཁ་ཏོན་བརྩམས་པ་དང་། ལམ་དུ་འགྲོ་བ་དང་། རྒོད་མ་བཞོན་པ་དང་། ལས་རྣམས་མྱུར་བར་བྱ་ཞིང་མཚོན་གྱི་ལས་དང་། སྨན་གྱི་ལས་རྣམས་བྱ་ཞིང་ཟླ་བ་བཞི་པའི་མཆོད་སྦྱིན་བྱ་བར་བརྩམ་མོ། ། དེ་ལ་བཤིག་པ་དང་། བསྲེག་པ་དང་། བཅིང་བ་རྣམས་བཀྲ་ཤིས་པར་བརྗོད་པར་རིག་པར་བྱའོ། ། དེ་ལ་སྐྱེས་པ་ནི་བཀྲ་ཤིས་ཤིང་ལོངས་སྤྱོད་དང་ལྡན་པའི་རྒྱལ་པོར་འགྱུར་བ་དང་། དབང་ཕྱུག་དང་། ལོངས་སྤྱོད་དུ་ལྡན་ཞིང་གོང་མ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་ལྡན་པའི་རྒྱལ་རིགས་སུ་འགྱུར་བའམ། ཡང་བྲམ་ཟེ་ཞིག་མདུན་ན་འདོན་དུ་འགྱུར་རོ། ། 2.རྒྱུ་སྐར་ལྔ་པོ་འདི་དག་དྲག་པོ་སྟེ། མཆུ་དང་། སྟོད་གསུམ་དང་། བྲ་ཉེ་དང་ལྔ་སྟེ། ཡང་དེ་དག་ལ་བཤིག་པ་དང་། བསྲེག་པ་དང་། བཅིང་བ་རྣམས་མི་འཚོ་བར་བརྗོད་དོ། །

Tibetan Source 《མདོ་ཨ་པ་》ཤ་415བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number