1431

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དྲི་ཞིམ་པ་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ།

1.ལྷན་ཅིག་སྐྱེས་པ་ནི། ཙན་དན་དང་། གུར་ཀུམ་ལ་སོགས་པའི་དྲི་ནི་ལྷན་ཅིག་སྐྱེས་པའོ། ། 2.སྦྱར་བ་ནི། བདུག་པའི་རིལ་བུ་ལ་སོགས་པ་རྣམས་ནི་སྦྱར་བའོ། ། 3.སྨིན་པ་ནི། ཨ་མྲའི་འབྲས་བུ་སྨིན་པ་ལ་སོགས་པའི་དྲི་ནི་སྨིན་པའོ། ། དྲི་མི་ཞིམ་པ་ལ་ཡང་ལྷན་ཅིག་སྐྱེས་པ་དང་སྦྱར་བ་སྨིན་པ་ཡོད་པར་ཅི་རིགས་སྦྱར་རོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་སི་པ་》ཤ་39བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number