1458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བདེན་པ་གསུམ་ཚན་དང་། ཉིས་ཚན། གཅིག་ཚན་བཅས་ཚན་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.གསུམ་ཚན་ལ་གསུམ་སྟེ། (1)ཀུན་རྫོབ་ཀྱི་བདེན་པ་ནི། འཇིག་རྟེན་གྱི་ཐ་སྙད་དང་། ཡི་གེ་དང་། སྒྲ་དང་། བརྡས་བསྟན་པ་ཇི་སྙེད་པའོ། ། (2)དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་མེད་པ་སྟེ། ཡི་གེ་ལྟ་ཅི་སྨྲོས། ། (3)མཚན་ཉིད་ཀྱི་བདེན་པ་ནི། གང་འདི་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་པ་སྟེ། མཚན་ཉིད་གཅིག་པོའང་མཚན་ཉིད་མེད་པའོ། ། 2.ཉིས་ཚན་ལ་གཉིས་ཏེ། (1)ཐ་སྙད་ཀྱི་བདེན་པ་ནི། དུས་སུ་བདེན་པར་སྨྲ་བ་སྟེ། གང་འདི་ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་། འཇིག་རྟེན་ཐ་སྙད་ཀྱི་བདེན་པ་དང་། ཡི་གེ་དང་། སྒྲ་དང་། བརྡས་བསྟན་པ་ཇི་སྙེད་པའོ། ། (2)དོན་དམ་པའི་བདེན་པ་ནི། འདི་བརྗོད་པ་མེད་པའི་ཆོས་ཅན། མྱ་ངན་འདས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ཆོས་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར། དེའི་རིགས་ནི་རྟག་པའི་ཕྱིར་རོ། ། 3.གཅིག་ཚན་ནི། བདེན་པ་ནི་གཅིག་སྟེ་གཉིས་སུ་མེད་དོ། ། དེ་ལ་བདེན་པ་གཅིག་ནི་གང་འདི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་མེད་ཅིང་སྒྲོ་འདོགས་པར་ལྷུང་བའི་སེམས་ཅན་རྣམས་ཀྱང་བདེན་པ་ལ་རབ་ཏུ་འཛུད་པའོ། །

Tibetan Source 《མདོ་ཕ་པ་》ཤ་190བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number