1464

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མདོ་དང་སྔགས་ཀྱི་རྒྱུ་འབྲས་ཀྱི་ཁྱད་པར་གསུམ།
Tibetan Alternate
Tibetan Definition 1.ཕྱི་རོལ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་པ་ཀུན་རྫོབ་མི་བདེན་པ་ཙམ་དུ་འདོད། གསང་སྔགས་ལ་ལྷ་དང་གཞལ་ཡས་ཁང་ལ་སོགས་པར་འདོད། །

2.བར་ཕུང་པོ་སྤོང་མི་སྤོང་གི་ཁྱད་པར་ནི། མཚན་ཉིད་པ་རྣམས་ཕུང་པོ་འདི་སྤོང་སྟེ་མི་གཙང་བར་འདོད། གསང་སྔགས་ལ་མི་སྤོང་སྟེ་ལྷ་དེ་སྒྱུ་འཕྲུལ་དུ་འདོད། ། 3.ནང་རིག་པ་སྐྱེ་བ་འགེགས་མི་འགེགས་ཀྱི་ཁྱད་པར་ནི། མཚན་ཉིད་པ་རིག་པ་འགེགས་ཏེ་གཏན་ཚིགས་བཞིས་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པར་འདོད། གསང་སྔགས་ལ་རིག་པ་མི་འགེགས་ཏེ། ཐར་པ་སྒྲུབ་པའི་རྟེན་དུ་དགོས་པའམ། རིག་པ་ལ་སྐྱེ་འགག་དང་རྒྱུན་ཆད་མེད་པར་འདོད་པའོ། །

Tibetan Source 《ལྡེའུ་ཆོས་འབྱུང་》དེབ་ཤ་142.6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number