1465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མདོ་དང་སྔགས་ཀྱི་རྒྱུ་ལམ་འབྲས་བུའི་ཁྱད་པར་གསུམ།
Tibetan Alternate
Tibetan Definition 1.རྒྱུའི་ཁྱད་པར་ནི། མཚན་ཉིད་པ་ཕ་རོལ་ཏུ་ཕྱིན་པ་དལ་འབྱོར། ཁྱད་པར་དུ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ཡིན་ཀྱང་། དབང་གིས་རྒྱུད་མ་སྨིན་པས་ལམ་ཕ་རོལ་ཏུ་ཕྱིན་པ་ལས་སྤྱད་དུ་མེད། དེས་འབྲས་བུ་ཡུན་རིང་ངོ་། ། གསང་སྔགས་པ་རྒྱུའི་རྒྱུ་རྟེན་གྱི་གང་ཟག་དེ་དབང་གིས་རྒྱུད་སྨིན་པས་ལམ་སྐུ་གསུམ་ཡེ་ཤེས་ལྔ་ལ་སྤྱད་དུ་ཡོད་དེ། དེས་ལམ་འབྲས་བུ་དང་བཅས་པ་མྱུར་དུ་ཐོབ་བོ། ། དེ་སྐད་དུ་ཡང་། རྡོ་རྗེ་ས་འོག་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ནི། ། རང་བཞིན་འབྲས་བུའི་དོན་མ་རྟོགས། ། བདེ་ཐོབ་འདོད་པ་ཤིན་ཏུ་འཁྲུལ། ། འབྲས་བུ་གསང་སྔགས་ཁྱད་པར་འཕགས། ། རྒྱུ་ཡི་དུས་ན་དེ་ཉིད་སྒོམ། ། ངེས་པའི་དོན་གྱི་ལམ་ཆེན་ཡིན། ། ཞེས་སོ། །

2.ལམ་གྱི་ཁྱད་པར་ནི། མཚན་ཉིད་ལ་གྲངས་མེད་པ་གསུམ་དུ་བསྒོམས་ཀྱང་ས་བཅུ་ལས་མ་ནོན་ཏེ་བྱང་ཆུབ་སེམས་དཔའ་ལས་མ་ཐོབ། སྔགས་ནི་ཚེ་གཅིག་རང་ལམ་རྫོགས་ཏེ་རྡོ་རྗེ་ས་འོག་ལས། བསྐལ་པ་བྱེ་བར་རྙེད་དཀའ་བའི། ། སངས་རྒྱས་ཉིད་ཀྱང་བརྩོན་གྱུར་བ། ། ཚེ་འདི་ཉིད་ལ་སྟེར་བས་ན། ། འབྲས་བུ་ཅན་གྱི་མིང་གིས་འབོད། ། ཅེས་སོ། ། དེ་ཡང་འབྲས་བུ་ལམ་དུ་ཇི་ལྟར་བྱེད་ཅེ་ན། དབྱིངས་ཆོས་སྐུ་སྐྱེ་མེད་ལམ་དུ་བྱེད། ཡེ་ཤེས་རང་རིག་པའི་ཡེ་ཤེས་ལམ་དུ་བྱེད་དོ། ། 3.འབྲས་བུའི་ཁྱད་པར་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་གྲོངས་མེད་གསུམ་གྱིས་ས་བཅུ་ནོན་ཀྱང་། གསང་སྔགས་པས་དབང་མ་བསྐུར་ན་སངས་མི་རྒྱ། གསང་སྔགས་དབང་བསྐུར་གདམས་ངག་བཏབ་པ་ཙམ་གྱིས་ས་དང་པོའི་བདེན་པ་མཐོང་། བསྐྱེད་རིམ་བསྒོམས་པས་ས་བརྒྱད་པ་ནོན། རྫོགས་རིམ་ངག་དབེན་སེམས་དབེན་གྱིས་ས་བཅུ་པ་ནོན། འོད་གསལ་གྱིས་ས་བཅུ་གཉིས་པ། ཟུང་འཇུག་གིས་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ནོན་པའོ། །

Tibetan Source 《ལྡེའུ་ཆོས་འབྱུང་》དེབ་ཤ་140.17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number