1531

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྡོམ་པ་གསུམ་གྱི་ཁྱད་པར་གསུམ།
Tibetan Alternate
Tibetan Definition དེ་ཡང་། སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་སྟེ།

1.སོ་ཐར་གྱི་སྡོམ་པ་ནི། ཀུན་སློང་གི་ཁྱད་པར་རང་དོན་ཞི་བདེ་འདོད་པས། ཆོ་གའི་ཁྱད་པར་ཉན་ཐོས་དང་ཐུན་མོང་བའི་འདུལ་བའི་ཆོ་ག་ལ་བརྟེན་ནས། དུས་ཀྱི་ཁྱད་པར་ཉིན་ཞག་གམ་ཇི་སྲིད་འཚོའི་བར་དུ། སྤང་བྱའི་ཁྱད་པར་ལུས་ངག་གི་མི་དགེ་བ་ཅི་རིགས་སྤོང་བའི་རིགས་བརྒྱད་གང་རུང་ལ་བསླབ་པའོ། ། 2.བྱང་ཆུབ་སེམས་དཔའི་སྡོམ་པ་ནི། ཀུན་སློང་གི་ཁྱད་པར་གཞན་དོན་རྫོགས་བྱང་ལ་དམིགས་པས། ཆོ་གའི་ཁྱད་པར་སྲོལ་གཉིས་གང་རུང་གི་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྟེན་ནས། དུས་ཀྱི་ཁྱད་པར་བྱང་ཆུབ་ཀྱི་བར་དུ། སྤང་བྱའི་ཁྱད་པར་བྱང་ཆུབ་སེམས་དཔའི་འཆལ་ཚུལ་གྱི་རྒྱུན་སྤོང་བའི་སྨོན་འཇུག་གཉིས་སམ་གང་རུང་ལ་བསླབ་པའོ། ། 3.སྔགས་ཀྱི་སྡོམ་པ་ནི། ཀུན་སློང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་གཞན་དོན་རླབས་པོ་ཆེ་སྒྲུབ་པར་འདོད་པ། ཆོ་གའི་ཁྱད་པར་རྒྱུད་སྡེ་བཞི་གང་རུང་གི་དབང་ལ་བརྟེན་ནས། དུས་ཀྱི་ཁྱད་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ། སྤང་བྱའི་ཁྱད་པར་སྔགས་ཕྱི་ནང་སོ་སོ་ལ་ལྟོས་པའི་རང་སྐལ་གྱི་འཆལ་ཚུལ་སྡོམ་པའི་ཚུལ་ཁྲིམས་གང་ཞིག བཏགས་པ་བ་བརྗོད་པ་ཁས་བླངས་དང་། མཚན་ཉིད་པ་དབང་གི་དངོས་གཞི་ལས་ཐོབ་པའོ། །

Tibetan Source 《སྔ་འགྱུར་བཀའ་མའི་གླེགས་བམ་ཇི་པ་》ཤ་21ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number