1540

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ནང་པ་ཐབས་ཀྱི་རྒྱུད་གསུམ།
Tibetan Alternate
Tibetan Definition 1.བསྐྱེད་པ་མཧཱ་ཡོ་གའི་སྐོར་རྒྱུད་སྡེ་བཅོ་བརྒྱད་དུ་བཀའ་སྩལ་བས་ཏེ། དེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་གཞིའམ་རྩ་བར་གྱུར་པའི་རྒྱུད་ལྔ་ནི།

(1)སྐུའི་རྒྱུད་དེ་སངས་རྒྱས་མཉམ་སྦྱོར། (2)གསུང་གི་རྒྱུད་ཟླ་གསང་ཐིག་ལེ། (3)ཐུགས་ཀྱི་རྒྱུད་གསང་བ་འདུས་པ། (4)ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། (5)འཕྲིན་ལས་ཀྱི་རྒྱུད་དཔལ་འཕྲེང་དཀར་པོ། ། 2.སྒྲུབ་པའི་ལག་ལེན་སྟོན་པའི་རྒྱུད་ལྔ་སྟེ། (1)སྐུའི་སྒྲུབ་པའི་ལག་ལེན་སྟོན་པ་ཧེ་རུ་ཀ་རོལ་པའི་རྒྱུད། (2)གསུང་གི་རྒྱུད་རྟ་མཆོག་རོལ་པ། (3)ཐུགས་སྙིང་རྗེའི་རོལ་པ། (4)ཡོན་ཏན་བདུད་རྩི་རོལ་པ། (5)འཕྲིན་ལས་ཀྱི་ཕུར་པ་བྱི་དོར་རོལ་པའོ། ། 3.སྤྱིའི་ཡན་ལག་ཏུ་གྱུར་པའི་རྒྱུད་ལྔ་ནི། (1)གོ་འཕང་དབང་གིས་བགྲོད་པའི་རྒྱུད་རི་བོ་བརྩེགས་པ། (2)གཞི་དམ་ཚིག་གིས་བཟུང་བ་ལ་དམ་ཚིག་བཀོད་པ། (3)ཐག་ལྟ་བས་བཅད་པ་ལ་གལ་གླིང་པོ་རབ་ཏུ་མཆོག (4) - (5)ཉམས་སུ་ཏིང་འཛིན་གྱིས་ལེན་པ་ལ་རྩེ་གཅིག་ཏུ་བསྡུས་པ་ལ་སྤྱོད་པས་དོར་བ་ལ་རྔམ་པ་གློག་ཡེ་ཤེས་འཁོར་དང་ལྔ་བཅས་བཅོ་ལྔའོ། ། དེའི་སྟེང་དུ་རྒྱུད་ཕྱི་མ་ལྟ་བུ་གཉིས་ཏེ། [1]དངོས་གྲུབ་སྒྲུབ་པའི་ཆོ་གའི་ཡན་ལག་ཏུ་གྱུར་པ་ཐབས་ཀྱི་ཞགས་པ་པད་མོ་འཕྲེང་བ། [2]དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་ཡན་ལག་ཏུ་གྱུར་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དོ། །

Tibetan Source 《ལྡེའུ་ཆོས་འབྱུང་》དེབ་ཤ་122.17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number