161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྒྲུབ་པ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ག་ཡ་མགོའི་རིའི་མདོ་ལས་བྱུང་བ་ལ་ཁག་བདུན་ཡོད་པ་སྟེ།

ཁག་དང་པོ། 1.ལམ་སྒྲུབ་པ། ། 2.སྤོང་བ་སྒྲུབ་པའོ། ། ཁག་གཉིས་པ། 1.བདག་འདུལ་བའི་སྒྲུབ་པ། 2.སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒྲུབ་པའོ། ། ཁག་གསུམ་པ། 1.རྩོལ་བ་དང་བཅས་པའི་ཤེས་པས་སྒྲུབ་པ། 2. ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་སྒྲུབ་པའོ། ། ཁག་བཞི་པ། 1.ས་རྣམ་པར་གཞག་པ་ལ་མཁས་པར་སྒྲུབ་པ། 2. ས་དབྱེར་མེད་པ་ལ་མཁས་པར་སྒྲུབ་པའོ། ། ཁག་ལྔ་པ། 1.སའི་ཉེས་པ་རྣམ་པར་སྤོང་བའི་སྒྲུབ་པ། 2.ས་ནས་སར་འཕར་བ་ལ་མཁས་པ་ལ་ཡོངས་སུ་རྫོགས་པར་བྱ་བའི་སྒྲུབ་པའོ། ། ཁག་དྲུག་པ། 1.ཉན་ཐོས་དང་། རང་སངས་རྒྱས་ཀྱིས་བསྟན་པའི་སྒྲུབ་པ། 2.སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་མཁས་པའི་སྒྲུབ་པའོ། །

Tibetan Source 《མདོ་ཅ་པ་》ཤ་472ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number