1613
Tibetan | རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།
1.ལས་དང་པོ་པ་ནི། དེ་ལ་ཡིད་ལ་བྱེད་པའི་ལས་དང་པོ་པ་ནི་རྩེ་གཅིག་ཏུ་བྱ་བ་ཉིད་ལ། ཇི་སྲིད་དུ་ཡིད་ལ་བྱེད་པ་མ་ཐོབ་ཅིང་སེམས་རྩེ་གཅིག་པ་ཉིད་ལ་མ་རེག་གི་བར་དུ་ལས་དང་པོ་པ་ཉིད་དོ། ། དེ་ལ་ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པ་ནི་ཡིད་ལ་བྱེད་པ་ཐོབ་པ་རྣམས་ལས་སེམས་སྦྱོང་བར་འདོད་པའི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཡིན་པ་ལ་བརྩམས་ཤིང་ལེན་པ་ལ་བརྩམས་ཤིང་ལེན་པ་ལ་གོམས་པ་སྟེ། དེ་ནི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པ་ཡིན་ནོ། ། 2.དེ་ལ་ཡོངས་སུ་སྦྱོང་བ་བྱས་པ་ནི། དེ་ལ་ཡོངས་སུ་སྦྱང་བ་བྱས་པ་གང་ཞེ་ན། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་མ་གཏོགས་པ་དེ་ལས་གཞན་པ་སྦྱོར་བ་མཐར་ཐུག་པའི་བར་གྱི་ཡིད་ལ་བྱེད་པ་ལྔ་པོ་དག་ལ་ཤིན་ཏུ་ཡོངས་སུ་སྦྱངས་པ་བྱས་པ་ཡིན་ནོ། ། 3.ཡིད་ལ་བྱེད་པ་ལས་འདས་པ་ནི། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཡིན་པར་བྱ་སྟེ། དེ་ནི་སྦྱོར་བའི་སྒོམ་པ་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་པ་དང་། བསྒོམས་པའི་འབྲས་བུ་ལ་གནས་པ་ཡིན་པས་ན། དེའི་ཕྱིར་ཡིད་ལ་བྱེད་པ་ལས་འདས་པ་ཞེས་བྱའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་105ན་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |