1753

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་བཙའ་ཐབས་གསུམ།
Tibetan Alternate
Tibetan Definition དེ་ཡང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔

1.རྟ་རྒོད་ལྟར་བཙའ་བ་ནི༔ དེ་མ་ཡེངས་པར་འདུལ་བ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ཐམས་ཅད་ཡོངས་སུ་མེད་པར་ལྟ་བའི་དོན་ལ་གནས་པར་བྱའོ༔ 2.རིན་པོ་ཆེ་ལྟར་བཙའ་སྟེ༔ གནོད་པའི་རྩོལ་བ་མ་བྱས་ན༔ ཆོམ་རྐུན་གྱིས་མི་ཚུགས་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་གཏང་བའི་རྩོལ་བ་མ་བྱས་ན༔ བྱིང་རྒོད་ཀྱིས་མི་ཚུགས་པར་གནས་སོ༔ 3.རྒྱལ་པོའི་བཙུན་མོ་ལྟར་བཙའ་བ་ནི༔ དམངས་ཐམས་ཅད་རྒྱལ་པོའི་མངའ་རིས་སུ་འདུས་པས༔ བཙུན་མོ་ལ་གནོད་པ་བྱེད་མི་ནུས་པ་ལྟར༔ རྣལ་འབྱོར་པས་ཀྱང་ཆོས་ཐམས་ཅད་སེམས་སུ་རྟོགས་པས༔ རྟོག་པ་གནོད་རྒྱུ་མེད་པར་གནས་པར་བྱའོ་གསུངས༔

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་175ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number