1768
Jump to navigation
Jump to search
| Tibetan | བླ་ན་མེད་པ་གསུམ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ།
1.ཤེས་པ་བླ་ན་མེད་པ་ནི། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བའོ། ། 2.ལམ་བླ་ན་མེད་པ་ནི། མངོན་པར་ཤེས་པ་མྱུར་ལ་སླབའི་ལམ་བླ་ན་མེད་པའོ། ། 3.རྣམ་པར་གྲོལ་བ་བླ་ན་མེད་པ་ནི། སེམས་རྣམ་པར་གྲོལ་བ་ཉམས་པ་མེད་པ་ནི་རྣམ་པར་གྲོལ་བ་བླ་ན་མེད་པ་སྟེ། དེ་རྣམས་བསྡུས་པ་ནི་ཤེས་པ་དང་། སྤོང་བ་དང་། ཚེ་འདི་ལ་བདེ་བར་གནས་པ་ཞེས་བྱ་བར་རིག་པར་བྱའོ། ། |
| Tibetan Source | 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་181བ་5ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |