1783

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དབང་པོ་གསུམ།
Tibetan Alternate
Tibetan Definition དཔལ་བརྩེགས་ཆོས་ཀྱི་རྣམ་ གྲངས་ཀྱི་བརྗེད་བྱང་ལས་བྱུང་བ་ཁག་གཅིག་སྟེ།

1.ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པའི་དབང་པོ་ནི། མཐོང་བས་སྤང་བར་བྱ་བའི་ལམ་གྱི་དུས་ན་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་ལྔ་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་། ཡིད་ཀྱི་དབང་པོ་བཞི་སྟེ། དགུ་པོ་དེ་དག་གིས་མཐོང་བས་སྤང་བ་སྤངས་པ་ན། སྔོན་མི་ཤེས་པ་ཀུན་ཤེས་པས་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱའོ། ། 2.ཡོངས་སུ་ཤེས་པའི་དབང་པོ་ནི། བསྒོམ་པས་སྤོང་བ་སྤོང་བའི་དུས་ན་དབང་པོ་དགུ་པོ་མི་མཐུན་པ་དང་གཉེན་པོའི་ཕྱོགས་གསལ་བར་བྱེ་བྲག་ཕྱེད་པ་ནི་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱ་བའོ། ། 3.ཡོངས་སུ་ཤེས་པ་རྟོགས་པའི་དབང་པོ་ནི། དགྲ་བཅོམ་པའི་དུས་ན་མཐོང་སྒོམ་གྱི་ཉོན་མོངས་པ་མ་ལུས་པར་སྤངས་པའི་དབང་པོ་དགུ་ནི་ཡོངས་སུ་ཤེས་པ་རྟོགས་པའི་དབང་པོ་ཞེས་བྱ་བའོ། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number