185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྔ་བརྒྱ་ཐ་མའི་གོ་དོན་གཉིས།
Tibetan Alternate
Tibetan Definition 1.སངས་རྒྱས་ཆོས་ལུགས་ཀྱི་བསྟན་པའི་གནས་ཚད་ལ་ལོ་ལྔ་བརྒྱ་པ་ཕྲག་བཅུར་གསུངས་པའི་ནང་གསེས་ལྔ་བརྒྱ་ཐ་མ་སྟེ་རྟགས་ཙམ་འཛིན་པའི་ལེའུ་ལ་གསུངས་པ་མ་ཡིན་པར། བོད་དུ་གླང་དར་མས་བསྟན་པ་བསྣུབས་ཏེ་རབ་བྱུང་གི་རྟགས་ཙམ་མ་གཏོགས་བསྟན་པ་དངོས་གནས་པ་མེད་པའི་དུས་ཡུན་ལོ་བརྒྱ་མ་ཟིན་ཙམ་སོང་རྗེས་སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ནས་བསྟན་པ་ཕྱི་དར་གྱི་འགོ་ཚུགས་སྟེ་བསྟན་པ་སྔ་དར་ལས་ཀྱང་དར་རྒྱས་ཆེ་བ་བྱུང་ཞིང་། དེ་ནས་རིག་གནས་གསར་བརྗེ་མ་བྱས་བར་དུ་ལོ་ཆིག་སྟོང་ཙམ་གྱི་རིང་སངས་རྒྱས་ཆོས་ལུགས་རྩ་མེད་དུ་འགྲོ་ཐུབ་པ་བྱུང་མེད་ལ། སངས་རྒྱས་བསྟན་པའི་འདས་ལོ་མང་བའི་ཕྱོགས་ཕུག་ལུགས་ཀྱི་བཞེད་པ་ལྟར་བྱས་ཀྱང་ད་ལྟ་ཕན་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་དྲུག་ཅུ་རེ་ལྔ་སོང་ཟིན་ནས་ལྷག་མ་ལོ་གྲངས་ཉིས་སྟོང་བརྒྱ་དང་སུམ་ཅུ་སོ་ལྔ་ལུས་ཡོད་ཅིང་། བསྟན་པ་ཕྱི་དར་གྱི་འགོ་ཚུགས་སྐབས་དེ་བས་ཀྱང་ལྔ་བརྒྱ་ཐ་མའི་དུས་སུ་སླེབས་མེད་པས་སྐབས་འདིའི་ལྔ་བརྒྱ་ཐ་མ་ནི་གོང་དུ་བཤད་པ་ལྟར་གོ་བ་ལེན་དགོས།

2.ཡོངས་སུ་གྲགས་པའི་ལྔ་བརྒྱ་ཐ་མའི་གོ་དོན་ནི། འཛམ་བུ་གླིང་འདིར་སངས་རྒྱས་བསྟན་པ་དུས་ཡུན་རིང་ཐུང་ཇི་ཙམ་གནས་པའི་གནས་ཚད་ལ་བཀའ་དང་བསྟན་བཅོས་རྣམས་ནས་མང་ཉུང་སྣ་ཚོགས་ཤིག་གསུངས་ཡོད་པ་སྟེ། 《མདོ་སྡེ་བསྐལ་བཟང་》དང་《འདུལ་བ་ལུང་ཕྲན་ཚོགས་》སོགས་མང་པོ་ཞིག་ལས་བསྟན་པ་ལོ་སྟོང་དུ་གནས་པར་གསུངས། 《སྙིང་རྗེ་པད་མ་དཀར་པོའི་མདོ་》ལས་བསྟན་པའི་གཟུགས་བརྙན་དང་བཅས་པ་བསྡོམས་པའི་ལོ་སྟོང་ལྔ་བརྒྱར་གནས་པར་གསུངས། 《ཟླ་བ་སྙིང་པོས་ཞུས་པའི་མདོ་》ལས་བསྟན་པའི་གཟུགས་བརྙན་ལོ་ཉིས་སྟོང་གནས་པར་གསུངས། 《ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་སྣང་བའི་མདོ་》ལས་བསྟན་པ་ལོ་ཉིས་སྟོང་ལྔ་བརྒྱའི་བར་དུ་གནས་པར་གསུངས། 《དགྲ་བཅོམ་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་》ལས་མི་རྣམས་ཀྱི་ཚེ་ལོ་ཡར་འཕེལ་གྱི་ཚེ་ལོ་དྲུག་བརྒྱ་(མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ལོ་དྲུག་བརྒྱ་བར་སྡོད་པ་) ཐམ་པའི་བར་དུ་གནས་པར་གསུངས་པ་བཅས་ནི་དོན་གཞན་ལ་དགོངས་ནས་གསུངས་པའི་དྲང་དོན་ཡིན་པ་དང་། དོན་ལ་གནས་པའི་ཕྱོགས་ནི་སློབ་དཔོན་དཾ་ཥྚ་སེ་ནས་མཛད་པའི་《འབུམ་ཊིཀ་》དང་མཛད་པ་པོ་སུ་ཡིན་ལ་རྩོད་པ་ཡོད་པའི་《ཡུམ་གསུམ་གནོད་འཇོམས་ཀྱི་འགྲེལ་པ་》སོགས་ལས་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གི་བར་དུ་གནས་པར་བཞེད་པ་འདི་ཡིན་ཅིང་། དེ་ཡང་ལོ་ལྔ་སྟོང་ཕྱེད་ཕྱེད་དུ་བགོས་པའི་ལྔ་བརྒྱ་པ་ཕྲག་བཅུ་ཡོད་པ་ལས། ལྔ་བརྒྱ་པ་དང་པོར་དགྲ་བཅོམ་པ་དང་། གཉིས་པར་ཕྱིར་མི་འོང་དང་། གསུམ་པར་རྒྱུན་ཞུགས་ཀྱི་འབྲས་བུ་བཅས་ཐོབ་མང་བས་འབྲས་བུའི་ལེའུ་གསུམ་ཟེར། དེ་ནས་ལྔ་བརྒྱ་ཕྲག་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཀྱི་རིང་། ཤེས་རབ་ཀྱི་བསླབ་པ་དང་ཏིང་ངེ་འཛིན་གྱི་བསླབ་པ། ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ་མང་དུ་བྱུང་བའི་དབང་གིས་སྒྲུབ་པའི་ལེའུ་གསུམ་ཟེར། དེ་ནས་ལྔ་བརྒྱ་ཕྲག་བདུན་པ་དང་། བརྒྱད་པ། དགུ་པ། གསུམ་པ་བཅས་ཀྱི་རིང་ལ། མངོན་པའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་གསུམ་སྟོན་པ་མང་དུ་འབྱུང་བའི་དབང་གིས་ལུང་གི་ལེའུ་གསུམ་ཟེར། དེ་ནས་ལྔ་བརྒྱ་ཕྲག་བཅུ་པའང་ལྔ་བརྒྱ་ཐ་མའི་རིང་རབ་བྱུང་གི་རྟགས་འཆང་བ་ཙམ་མ་གཏོགས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་གཙང་མ་དང་ལྡན་པ་གཏན་ནས་མེད་པའི་དབང་གིས་རྟགས་ཙམ་འཛིན་པའི་ལེའུ་ཞེས་ཟེར་བ་ཡིན། ད་ལྟ་ལྔ་བརྒྱ་ཕྲག་དྲུག་པའི་ལོ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཡན་སོང་ནས་ད་དུང་ལྷག་མ་ལོ་གྲངས་ཉིས་སྟོང་བརྒྱ་དང་སུམ་ཅུ་སོ་ལྔ་ལུས་ཡོད། ཞིབ་པར་བོད་ཀྱི་སྐར་རྩིས་རིག་པའི་གཞུང་མང་ཆེ་བའི་ནང་གསལ།

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་769.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number