1868
Tibetan | མིང་ཚིག་ཡི་གེའི་ཚོགས་ཀྱི་མཚན་ཉིད་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ།
1.མིང་གི་ཚོགས་ནི། དངོས་པོ་གང་ལ་བརྟེན་ནས་མིང་དུ་གདགས་པ་ནི་མིང་གི་ཚོགས་ཞེས་བྱའོ། ། 2.ཚིག་གི་ཚོགས་ནི། ཚིག་གང་དོན་གྱི་ཚོགས་དང་ལྡན་པ་དང་། རང་གི་ངོ་བོ་ཉིད་གདོན་མི་ཟ་བ་དང་། མཐར་ཐུག་པ་དེ་ནི་ཚིག་གི་ཚོགས་ཞེས་བྱའོ། ། 3.ཡི་གེའི་ཚོགས་ནི། ། གང་གིས་མིང་དང་ཚིག་གསལ་བར་བྱེད་པ་དེ་ནི་ཡི་གེའི་ཚོགས་ཞེས་བྱའོ། ། ཡང་ཡི་གེའི་ཚོགས་ནི་རིང་པོ་དང་། ཐུང་ངུ་དང་མཐོ་བ་དང་། དམའ་བའོ། ། ཡང་ཚིག་གི་ཚོགས་ནི་འགྲོ་བའི་རྗེས་ལྟ་བུ་སྟེ། འདི་ལྟར་གླང་པོ་ཆེ་དང་། རྟ་དང་། མི་དང་། རི་དྭགས་ལ་སོགས་པ་གང་ས་ལ་འགྲོ་བའི་རྗེས་རྣམས་ནི་ཚིག་གི་ཚོགས་ཞེས་བྱ་བའི་མིང་ཐོབ་བོ། ། མིང་དང་། ཡི་གེ་ནི། མིང་གིས་ཕུང་པོ་གཟུགས་མེད་པ་བཞི་བརྗོད་པའི་ཕྱིར་རོ། ། རང་གི་མཚན་ཉིད་སྣང་བར་བྱེད་པས་ནི་ཡི་གེ་སྟེ། དེ་ནི་མིང་དང་། ཡི་གེའི་ཚོགས་ཞེས་བྱའོ། ། འདི་ནི་མིང་དང་། ཚིག་དང་། ཡི་གེའི་ཚོགས་རྣམས་བརྗོད་པའི་མཚན་ཉིད་དེ་ལ་ནན་ཏན་དུ་བསླབ་པར་བྱའོ། ། |
Tibetan Source | 《མདོ་ཅ་པ་》ཤ་370བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |