1900

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྨྲ་བ་ཆད་པས་གཅོད་པ་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1.གཏམ་རྗེས་བཅད་པ་ནི། རང་གི་སྨྲ་བའི་སྐྱོན་ཁས་བླངས་པ་དང་། གཞན་གྱི་སྨྲ་བའི་ཡོན་ཏན་ཁས་བླངས་པའོ། ། 2.གཏམ་ལ་འཕྲོ་ལུས་པ་ནི། གཞན་ནས་གཞན་དུ་བརྒྱུད་པའམ། གཏམ་གཞན་སྨྲ་བ་སྟེ་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། ། 3.གཏམ་གྱི་ཉེས་པ་ནི། ཅལ་ཅོལ་དང་། འཁྲུགས་པ་དང་། བརྡ་སྤྲོད་དུ་མི་རུང་བ་དང་། རན་པ་མ་ཡིན་པ་དང་། དོན་དང་ལྡན་པ་མ་ཡིན་པ་དང་། དུས་ཚིགས་མ་ཡིན་པར་སྨྲ་བ་དང་། མི་བརྟེན་པ་དང་། མི་གསལ་བ་དང་། ཚིག་རྒྱུན་ཆགས་པ་མ་ཡིན་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ལི་པ་》ཤ་289ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number